完整藏文原文 · 德格版页 当前仅加载第 19 函德格 136a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དགེ་བའི་རྩ་བ་དེ་དག་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་མ་ཡིན་ཏེ། དེ་ལྟར་ན་དེའི་འདུ་ཤེས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །སེམས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་རོ། །གལ་ཏེ་བྱང་ཆུབ་
D8.019.0136a01.01སེམས་དཔའ་སེམས་དཔའ་ཆེན་པོས། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། དགེ་བའི་རྩ་བ་དེ་དག་དང་། མངོན་པར་འདུ་བྱ་བ་དེ་དག་དང་། སེམས་བསྐྱེད་པ་དེ་དག་ཡོངས་སུ་ཤེས་པ་{མྱེད་,མེད་}ཅིང་། མཚན་མར་{མྱི་,མི་}བྱེད་ན། དགེ་བའི་རྩ་བ་དེ་དག་བླ་ན་{མྱེད་,མེད་}པ་ཡང་
D8.019.0136a02.01དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུ་ཤེས་ཕྱིན་ཅི་ལོག་ཏུ་{མྱི་,མི་}འགྱུར་རོ། །སེམས་ཕྱིན་ཅི་ལོག་ཏུ་{མྱི་,མི་}འགྱུར་རོ། །ལྟ་བ་ཕྱིན་ཅི་ལོག་ཏུ་{མྱི་,མི་}འགྱུར་རོ། །བྱམས་པས་སྨྲས་པ། བཙུན་
D8.019.0136a03.01པ་རབ་འབྱོར་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དགེ་བའི་རྩ་བ་དེ་དག་ལ་མཚན་མར་{མྱི་,མི་}བྱེད་ཅིང་། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཡིན། །རབ་འབྱོར་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་
D8.019.0136a04.01ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཐབས་མཁས་པ་དེ་དག་བསླབ་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མཁས་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་
D8.019.0136a05.01པར་བསོད་ནམས་བྱ་བའི་དངོས་པོ་ཡོངས་སུ་བསྔོ་བར་{མྱི་,མི་}ནུས་སོ། །བྱམས་པས་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱེད་,མེད་}དེ། {མྱི་,མི་}{དམྱིགས་,དམིགས་}སོ་ཞེས་བྱ་བ་དང་། དགེ་བའི་རྩ་བ་དེ་དག་ཀྱང་{མྱེད་,མེད་}དེ། {མྱི་,མི་}{དམྱིགས་,དམིགས་}སོ་
D8.019.0136a06.01ཞེས་བྱ་བ་དང་། མངོན་པར་འདུ་བྱ་བ་དེ་དག་ཀྱང་{མྱེད་,མེད་}དེ། {མྱི་,མི་}{དམྱིགས་,དམིགས་}སོ་ཞེས་བྱ་བ་དང་། གང་གིས་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་སེམས་བསྐྱེད་པ་དེ་དག་ཀྱང་{མྱེད་,མེད་}དེ། {མྱི་,མི་}{དམྱིགས་,དམིགས་}སོ་ཞེས་བྱ་བ་འདི་སྐྱོན་དུ་སྨོས་པར་མི་འགྱུར་རམ་སྙམ་ན་
D8.019.0136a07.01