完整藏文原文 · 德格版页 当前仅加载第 19 函德格 121b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པའི་བྱང་ཆུབ་ཏུ་ཡོངས་སུ་{མྱི་,མི་}སྔོའི། །དེ་དག་ནི་འདི་ལྟར་ཡོངས་སུ་སྔོ་སྟེ། གཉིས་ཀྱི་ཚུལ་གྱིས་མ་ཡིན་ནོ། །གཉིས་སུ་{མྱེད་,མེད་}པའི་ཚུལ་གྱིས་མ་ཡིན་ནོ། །མཚན་མའི་ཚུལ་གྱིས་མ་ཡིན་ནོ། །མཚན་མ་{མྱེད་,མེད་}པའི་ཚུལ་གྱིས་མ་ཡིན་ནོ། །{དམྱིགས་,དམིགས་}པའི་ཚུལ་གྱིས་མ་ཡིན་ནོ། །{དམྱིགས་,དམིགས་}
D8.019.0121b01.01སུ་{མྱེད་,མེད་}པའི་ཚུལ་གྱིས་མ་ཡིན་ནོ། །ཉོན་མོངས་པའི་ཚུལ་གྱིས་མ་ཡིན་ནོ། །རྣམ་པར་བྱུང་བའི་ཚུལ་གྱིས་མ་ཡིན་ནོ། །སྐྱེ་བའི་ཚུལ་གྱིས་མ་ཡིན་ནོ། །འགག་པའི་ཚུལ་གྱིས་མ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་སྤྱོད་པ་
D8.019.0121b02.01ཡང་མ་ཡིན། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱེད་བྱེད་པ་ཡང་མ་ཡིན། དགེ་བའི་རྩ་བ་བསྐྱེད་པར་གྱུར་པ་ཡང་མ་ཡིན། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ཡང་མ་ཡིན། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་བསླབས་པར་གྱུར་པ་ཡང་མ་
D8.019.0121b03.01ཡིན་ན། དེ་དག་ནི་དངོས་པོ་དེ་དག་དང་། {དམྱིགས་,དམིགས་}པ་དེ་དག་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། དགེ་བའི་རྩ་བ་དེ་དག་དང་། རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་དེ་དག་ལ་མཚན་མར་བྱས་ཤིང་། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
D8.019.0121b04.01ཏུ་སྔོ་བར་འགྱུར་ཏེ། བཙུན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་{མྱི་,མི་}བཤད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་
D8.019.0121b05.01པའི་བྱང་ཆུབ་སེམས་དཔའི་མདུན་དུ་{མྱི་,མི་}བཤད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་{མྱི་,མི་}བཤད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་
D8.019.0121b06.01པའི་བྱང་ཆུབ་སེམས་དཔའི་མདུན་དུ་{མྱི་,མི་}བཤད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་{མྱི་,མི་}བཤད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་
D8.019.0121b07.01