完整藏文原文 · 德格版页 当前仅加载第 19 函德格 132a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཉན་ཐོས་ཀྱི་དགེ་འདུན་རྣམས་ཀྱི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ལ་སེམས་ཤིང་བསམས་ནས། རྗེས་སུ་ཡི་རང་བའི་
D8.019.0132a01.01རབ་དམ་པ། མཆོག་ཕུལ། གཙོ་བོ། གྱ་ནོམ་པ། བླ་ན་{མྱེད་,མེད་}པ། གོང་ན་{མྱེད་,མེད་}པ། མཉམ་པ་{མྱེད་,མེད་}པ། {མྱི་,མི་}མཉམ་པ་དང་མཉམ་པའི་རྗེས་སུ་ཡི་རང་བས། རྗེས་སུ་ཡི་རང་ནས། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་ན། ཇི་ལྟར་བྱང་ཆུབ་
D8.019.0132a02.01སེམས་དཔའ་སེམས་དཔའ་ཆེན་པོའི་འདུ་ཤེས་ཕྱིན་ཅི་ལོག་ཏུ་{མྱི་,མི་}འགྱུར་བ་ཡིན། སེམས་ཕྱིན་ཅི་ལོག་ཏུ་{མྱི་,མི་}འགྱུར་བ་ཡིན། ལྟ་བ་ཕྱིན་ཅི་ལོག་ཏུ་{མྱི་,མི་}འགྱུར་བ་ཡིན། །རབ་འབྱོར་ཀྱིས་སྨྲས་པ། བྱམས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། སངས་
D8.019.0132a03.01རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་ལ། སེམས་ཀྱང་། དེ་ལ་སངས་རྒྱས་སུ་འདུ་ཤེས་པར་{མྱི་,མི་}འགྱུར། ཉན་ཐོས་སུ་འདུ་ཤེས་པར་{མྱི་,མི་}འགྱུར། དགེ་བའི་རྩ་བར་འདུ་ཤེས་པར་{མྱི་,མི་}འགྱུར་ཞིང་། སེམས་གང་གིས་ཡོངས་སུ་བསྔོ་བའི་སེམས་
D8.019.0132a04.01དེ་ལ་ཡང་སེམས་ཀྱི་འདུ་ཤེས་སུ་{མྱི་,མི་}འགྱུར་ན། དེ་ལྟར་ཡོངས་སུ་སྔོ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ། འདུ་ཤེས་ཕྱིན་ཅི་ལོག་ཏུ་འགྱུར་བ་{མྱེད་,མེད་}དོ། །སེམས་ཕྱིན་ཅི་ལོག་ཏུ་འགྱུར་བ་{མྱེད་,མེད་}དོ། །ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་བ་{མྱེད་,མེད་}དོ། །གལ་ཏེ་བྱང་ཆུབ་
D8.019.0132a05.01སེམས་དཔའ་སེམས་དཔའ་ཆེན་པོ་དེ། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་དང་དགེ་བའི་རྩ་བ་དེ་དག་ལ་སེམས་ཤིང་མཚན་མར་འཛིན་ལ། མཚན་མར་བཟུང་ནས། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་
D8.019.0132a06.01སྔོ་ན། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུ་ཤེས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །སེམས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། སེམས་གང་གིས་སངས་རྒྱས་བཅོམ་
D8.019.0132a07.01