藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 239b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཐུ་དང་ལྡན་པར་{མྱི་,མི་}བྱེད། མཐུ་{མྱེད་,མེད་}པར་{མྱི་,མི་}བྱེད་དོ། །ཕྱིར་{མྱི་,མི་}འོང་བའི་འབྲས་བུ་མཐུ་དང་ལྡན་པར་{མྱི་,མི་}བྱེད་མཐུ་{མྱེད་,མེད་}པར་{མྱི་,མི་}བྱེད་དོ། །དགྲ་བཅོམ་པ་ཉིད་མཐུ་དང་ལྡན་པར་{མྱི་,མི་}བྱེད། མཐུ་{མྱེད་,མེད་}པར་{མྱི་,མི་}བྱེད་དོ། །རང་བྱང་ཆུབ་མཐུ་

D8.019.0239b01.01
2

དང་ལྡན་པར་{མྱི་,མི་}བྱེད། མཐུ་{མྱེད་,མེད་}པར་{མྱི་,མི་}བྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མཐུ་དང་ལྡན་པར་{མྱི་,མི་}བྱེད། མཐུ་{མྱེད་,མེད་}པར་{མྱི་,མི་}བྱེད་དོ། །བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་མཐུ་དང་ལྡན་པར་{མྱི་,མི་}བྱེད། མཐུ་{མྱེད་,མེད་}པར་{མྱི་,མི་}བྱེད་དོ།

D8.019.0239b02.01
3

ཞེས་བགྱི་བར་འདུ་ཤེས་སུ་གྱུར་ན། བཅོམ་ལྡན་འདས་དེ་ལྟར་འདུ་ཤེས་སུ་གྱུར་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་གཟུགས་ཆེ་བར་

D8.019.0239b03.01
4

བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཚོར་བ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་

D8.019.0239b04.01
5

སོ། །གང་འདུ་ཤེས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་འདུ་བྱེད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་

D8.019.0239b05.01
6

མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྣམ་པར་ཤེས་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་{མྱིག་,མིག་}ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་

D8.019.0239b06.01
7

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྣ་བ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སྣ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་

D8.019.0239b07.01