藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 258b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་འདུ་བྱེད་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་

D8.019.0258b01.01
2

ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྣམ་པར་ཤེས་པ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་{མྱིག་,མིག་}མཐུ་དང་ལྡན་པར་

D8.019.0258b02.01
3

བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྣ་བ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་

D8.019.0258b03.01
4

འབྲས་བུ་མ་ལགས་སོ། །གང་སྣ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ལྕེ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་

D8.019.0258b04.01
5

དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ལུས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཡིད་མཐུ་དང་ལྡན་པར་

D8.019.0258b05.01
6

བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་གཟུགས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་

D8.019.0258b06.01
7

འབྲས་བུ་མ་ལགས་སོ། །གང་སྒྲ་མཐུ་དང་ལྡན་པར་བགྱིད་པ་འམ་མཐུ་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་དྲི་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་

D8.019.0258b07.01