完整藏文原文 · 德格版页 当前仅加载第 19 函德格 228a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པར་{མྱི་,མི་}བགྱིད་མཐུ་མ་མཆིས་པར་{མྱི་,མི་}བགྱིད་དོ། །བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་མཐུ་དང་ལྡན་པར་{མྱི་,མི་}བགྱིད་མཐུ་མ་མཆིས་པར་{མྱི་,མི་}བགྱིད་དོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན་འདི་ལྟ་སྟེ། ཤེས་རབ་ཀྱི་
D8.019.0228a01.01ཕ་རོལ་ཏུ་ཕྱིན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་མོའོ། །བཅོམ་ལྡན་འདས་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
D8.019.0228a02.01པ་ལ་བརྟེན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། ཤེས་རབ་ཀྱི་ཕ་རོལ་
D8.019.0228a03.01ཏུ་ཕྱིན་པ་ནི། གཟུགས་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །ཚོར་བ་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །འདུ་ཤེས་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །འདུ་བྱེད་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །རྣམ་པར་ཤེས་པ་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །ཤེས་
D8.019.0228a04.01རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། {མྱིག་,མིག་}ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །རྣ་བ་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །སྣ་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །ལྕེ་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །ལུས་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །ཡིད་ཆེ་བར་
D8.019.0228a05.01{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །སྒྲ་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །དྲི་ཆེ་བར་{མྱི་,མི་}བྱེད་ཆུང་བར་མི་བྱེད་དོ། །རོ་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །རེག་ཆེ་བར་{མྱི་,མི་}བྱེད་ཆུང་
D8.019.0228a06.01བར་{མྱི་,མི་}བྱེད་དོ། །ཆོས་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། {མྱིག་,མིག་}གི་རྣམ་པར་ཤེས་པ་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །རྣ་བའི་རྣམ་པར་ཤེས་པ་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །སྣའི་རྣམ་པར་ཤེས་པ་ཆེ་བར་{མྱི་,མི་}བྱེད་
D8.019.0228a07.01