完整藏文原文 · 德格版页 当前仅加载第 19 函德格 166b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
སུ་རྫོགས་པར་{མྱི་,མི་}འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ཡོངས་སུ་རྫོགས་པར་{མྱི་,མི་}འགྱུར་བ་དེས་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་{མྱི་,མི་}འགྱུར། སེམས་ཅན་རྣམས་ཡོངས་སུ་སྨིན་པར་{མྱི་,མི་}འགྱུར་རོ། །གང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་
D8.019.0166b01.01མ་གྱུར་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་གྱུར་པ་དེ་ནི། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་{མྱི་,མི་}འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཡོངས་སུ་བསྔོ་བ་དེ་ནི་དུག་དང་བཅས་པའི་ཕྱིར་རོ། །གཞན་
D8.019.0166b02.01ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་ཉིད་འདིས་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བར་བྱ་སྟེ། དེ་ལྟར་ཡོངས་
D8.019.0166b03.01སུ་བསྔོས་ན། ཡོངས་སུ་བསྔོས་པའི་རབ་ཏུ་འགྱུར་རོ། །ཞེས་བྱ་བར་ཐུགས་སུ་ཆུད་པ་དེ་བཞིན་དུ་བདག་གིས་ཀྱང་ཆོས་ཉིད་དེས། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་ཡོངས་སུ་བརྟག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་
D8.019.0166b04.01ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བའི་ཕུང་པོ་མཚན་མ་{མྱེད་,མེད་}པའི་ཚུལ་དང་། {དམྱིགས་,དམིགས་}པ་{མྱེད་,མེད་}པའི་ཚུལ་དང་། སྐྱེ་བ་{མྱེད་,མེད་}པའི་ཚུལ་དང་།
D8.019.0166b05.01འགག་པ་{མྱེད་,མེད་}པའི་ཚུལ་དང་། ཀུན་ནས་ཉོན་མོངས་པ་{མྱེད་,མེད་}པའི་ཚུལ་དང་། རྣམ་པར་བྱང་བ་{མྱེད་,མེད་}པའི་ཚུལ་དང་། དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་ཀྱི་ཚུལ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཚུལ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཚུལ་དང་། ཆོས་ཀྱི་དབྱིངས་ཀྱི་ཚུལ་དང་། དེ་བཞིན་ཉིད་
D8.019.0166b06.01ཀྱི་ཚུལ་དང་། གཞན་མ་ཡིན་པའི་དེ་བཞིན་ཉིད་ཀྱི་ཚུལ་གྱིས་སྟོན་པ་ནི། རབ་འབྱོར་ཁྱོད་སྟོན་པའི་བྱ་བ་བྱེད་པ་ཡིན་ནོ། །རབ་འབྱོར་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སེམས་ཅན་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ཐོབ་པར་གྱུར། བསམ་
D8.019.0166b07.01