藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 204a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོར་བ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་བགྱིད་པ་

D8.019.0204a01.01
2

ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་གང་གིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོར་བར་བྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་བྱེད་པ་དེ་ལྟ་བུའི་རྣམ་གྲངས་ཡོད་

D8.019.0204a02.01
3

དེ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གསོབ་པོ། །ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གསོག་གོ། ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྙིང་པོ་

D8.019.0204a03.01
4

{མྱེད་,མེད་}པའོ་སྙམ་དུ་དེ་ལྟར་འདུ་ཤེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོར་བར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་བྱེད་པའོ། །རབ་{འབྱོརད་,འབྱོར་}དེ་ནི་

D8.019.0204a04.01
5

རྣམ་གྲངས་གང་གིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོར་བར་བྱེད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་བྱེད་པའི་རྣམ་གྲངས་སོ། །གསོལ་པ། བཅོམ་

D8.019.0204a05.01
6

ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཆོས་གང་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་བ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། གཟུགས་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །ཚོར་

D8.019.0204a06.01
7

བ་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །འདུ་ཤེས་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །འདུ་བྱེད་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རྣམ་པར་ཤེས་པ་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །{མྱིག་,མིག་}ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རྣ་བ་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །སྣ་ལ་ཡིད་

D8.019.0204a07.01