完整藏文原文 · 德格版页 当前仅加载第 19 函德格 180a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུས། གང་འདི་སྐད་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ན། ཕ་རོལ་ཏུ་ཕྱིན་པའི་{མྱིང་,མིང་}འཐོབ་བོ། །ཞེས་སྨྲས་ན། བཙུན་པ་ཤ་ར་དྭ་
D8.019.0180a01.01ཏིའི་བུ་དེ་ནི་དེར་ཡང་མ་ཟད་དེ། ཕ་རོལ་ཏུ་ཕྱིན་པ་ལྔ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ཡང་། ཕ་རོལ་ཏུ་ཕྱིན་པའི་{མྱིང་,མིང་}འཐོབ་བོ། །ཕ་རོལ་ཏུ་ཕྱིན་པ་ལྔ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ཡང་། ཕ་རོལ་ཏུ་ཕྱིན་པའི་{མྱིང་,མིང་}འཐོབ་བོ། །ཕ་རོལ་ཏུ་ཕྱིན་
D8.019.0180a02.01པ་ལྔ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ཡང་། ཕ་རོལ་ཏུ་ཕྱིན་པའི་{མྱིང་,མིང་}འཐོབ་བོ། །ཕ་རོལ་ཏུ་ཕྱིན་པ་ལྔ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ཡང་། ཕ་རོལ་ཏུ་ཕྱིན་པའི་{མྱིང་,མིང་}འཐོབ་བོ། །ཕ་རོལ་ཏུ་ཕྱིན་པ་ལྔ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་
D8.019.0180a03.01པས་ཡོངས་སུ་བཟུང་ཡང་། ཕ་རོལ་ཏུ་ཕྱིན་པའི་{མྱིང་,མིང་}འཐོབ་བོ། །སྨྲས་པ། དེ་ལྟར་མ་ཡིན་ཏེ། ཀཽ་ཤི་ཀ་དེ་ནི་དེ་ལྟར་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་ལྔ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བས། ཕ་རོལ་ཏུ་ཕྱིན་པའི་{མྱིང་,མིང་}འཐོབ་པར་{མྱི་,མི་}འགྱུར། ཕ་རོལ་ཏུ་ཕྱིན་པ་ལྔ་ནི། ཚུལ་ཁྲིམས་
D8.019.0180a04.01ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བས། ཕ་རོལ་ཏུ་ཕྱིན་པའི་{མྱིང་,མིང་}འཐོབ་པར་{མྱི་,མི་}འགྱུར། ཕ་རོལ་ཏུ་ཕྱིན་པ་ལྔ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བས། ཕ་རོལ་ཏུ་ཕྱིན་པའི་{མྱིང་,མིང་}འཐོབ་པར་{མྱི་,མི་}འགྱུར། ཕ་རོལ་ཏུ་ཕྱིན་པ་ལྔ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་
D8.019.0180a05.01པས་ཡོངས་སུ་བཟུང་བས། ཕ་རོལ་ཏུ་ཕྱིན་པའི་{མྱིང་,མིང་}འཐོབ་པར་{མྱི་,མི་}འགྱུར། ཕ་རོལ་ཏུ་ཕྱིན་པ་ལྔ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བས། ཕ་རོལ་ཏུ་ཕྱིན་པའི་{མྱིང་,མིང་}འཐོབ་པར་{མྱི་,མི་}འགྱུར་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་
D8.019.0180a06.01བའི་ཕ་རོལ་ཏུ་ཕྱིན་པ་ལྔ་ནི། ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་སྟེ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་
D8.019.0180a07.01