完整藏文原文 · 德格版页 当前仅加载第 19 函德格 56b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་{མྱི་,མི་}རྟག་གོ་ཞེས་བྱ་བར་སྟོན། དྲན་པ་ཉེ་བར་གཞག་པ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། དྲན་པ་ཉེ་བར་གཞག་པ་རྣམས་བདག་{མྱེད་,མེད་}དོ་ཞེས་བྱ་
D8.019.0056b01.01བར་སྟོན། དྲན་པ་ཉེ་བར་གཞག་པ་རྣམས་{མྱི་,མི་}སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། དྲན་པ་ཉེ་བར་གཞག་པ་རྣམས་{མྱི་,མི་}རྟག་ཅེས་བྱ་བར་རྟོག་པར་འགྱུར་
D8.019.0056b02.01རོ། །དྲན་པ་ཉེ་བར་གཞག་པ་རྣམས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་བདག་{མྱེད་,མེད་}ཅེས་བྱ་བར་རྟོག་པར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་{མྱི་,མི་}སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་དྲན་པ་ཉེ་བར་
D8.019.0056b03.01གཞག་པ་རྣམས་{མྱི་,མི་}རྟག་གོ་ཞེས་བྱ་བར་རྟོག་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་བདག་{མྱེད་,མེད་}དོ་ཞེས་བྱ་བར་རྟོག་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་{མྱི་,མི་}སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་
D8.019.0056b04.01རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་{མྱི་,མི་}རྟག་གོ་ཞེས་བྱ་བར་སྟོན། ཡང་དག་པར་སྤོང་བ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ཡང་དག་པར་སྤོང་བ་རྣམས་བདག་{མྱེད་,མེད་}དོ་ཞེས་བྱ་བར་སྟོན། ཡང་དག་
D8.019.0056b05.01པར་སྤོང་བ་རྣམས་{མྱི་,མི་}སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ཡང་དག་པར་སྤོང་བ་རྣམས་{མྱི་,མི་}རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཡང་
D8.019.0056b06.01དག་པར་སྤོང་བ་རྣམས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་བདག་{མྱེད་,མེད་}ཅེས་བྱ་བར་རྟོག་པར་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་{མྱི་,མི་}སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ཡང་དག་པར་སྤོང་བ་
D8.019.0056b07.01