藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 203a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་{དམྱིགས་,དམིགས་}པ་{མྱེད་,མེད་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཇིག་པ་

D8.019.0203a01.01
2

{མྱེད་,མེད་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་མངོན་པར་བསྒྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཐོབ་པར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ལྟར་

D8.019.0203a02.01
3

མངོན་པར་བསྒྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་གང་ཡང་ཐོབ་པར་{མྱི་,མི་}བྱེད་དེ། ནམ་ཆོས་གང་ཡང་ཐོབ་པར་{མྱི་,མི་}བྱེད་པ་དེའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲངས་སུ་འགྲོའོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཐོབ་པར་{མྱི་,མི་}

D8.019.0203a03.01
4

བགྱིད་པ་གང་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། {མྱི་,མི་}དགེ་བའི་ཆོས་རྣམས་ཐོབ་པར་{མྱི་,མི་}བྱེད་དོ། །དགེ་བའི་ཆོས་རྣམས་ཐོབ་པར་{མྱི་,མི་}བྱེད་དོ། །འཇིག་རྟེན་པའི་ཆོས་རྣམས་ཐོབ་པར་{མྱི་,མི་}བྱེད་དོ། །འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཐོབ་པར་

D8.019.0203a04.01
5

{མྱི་,མི་}བྱེད་དོ། །ཟག་པ་དང་བཅས་པའི་ཆོས་རྣམས་ཐོབ་པར་{མྱི་,མི་}བྱེད་དོ། །ཟག་པ་{མྱེད་,མེད་}པའི་ཆོས་རྣམས་ཐོབ་པར་{མྱི་,མི་}བྱེད་དོ། །ཁ་ན་མ་ཐོ་བ་དང་བཅས་པའི་ཆོས་རྣམས་ཐོབ་པར་{མྱི་,མི་}བྱེད་དོ། །ཁ་ན་མ་ཐོ་བ་{མྱེད་,མེད་}པའི་ཆོས་རྣམས་ཐོབ་པར་{མྱི་,མི་}བྱེད་དོ། །འདུས་བྱས་ཀྱི་ཆོས་

D8.019.0203a05.01
6

རྣམས་ཐོབ་པར་{མྱི་,མི་}བྱེད་དོ། །འདུས་མ་བྱས་ཀྱི་ཆོས་རྣམས་ཐོབ་པར་{མྱི་,མི་}བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་གང་གི་ཕྱིར་ཡང་{དམྱིགས་,དམིགས་}པའི་ཚུལ་གྱིས། ཉེ་བར་མི་གནས་ཏེ། དེའི་ཕྱིར་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན་ནོ། །དེ་ནས་

D8.019.0203a06.01
7

ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་{མྱི་,མི་}བགྱིད་དམ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་གང་དེ་སྐད་དུ་ཅི་ལགས།

D8.019.0203a07.01