藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 211b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རབ་འབྱོར་{མྱིག་,མིག་}གི་འདུས་ཏེ་རེག་པར་{མྱི་,མི་}{དམྱིགས་,དམིགས་}པས།

D8.019.0211b01.01
2

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། {མྱིག་,མིག་}གི་འདུས་ཏེ་རེག་པ་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རབ་འབྱོར་རྣ་བའི་འདུས་ཏེ་རེག་པར་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

D8.019.0211b02.01
3

ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣ་བའི་འདུས་ཏེ་རེག་པ་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རབ་འབྱོར་སྣའི་འདུས་ཏེ་རེག་པར་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་

D8.019.0211b03.01
4

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྣའི་འདུས་ཏེ་རེག་པ་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པར་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས།

D8.019.0211b04.01
5

ལྕེའི་འདུས་ཏེ་རེག་པ་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པར་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ལུས་ཀྱི་འདུས་ཏེ་རེག་པ་ལ་ཡིད་

D8.019.0211b05.01
6

ཆེས་པར་{མྱི་,མི་}འགྱུར་རོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པར་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཡིད་ཀྱི་འདུས་ཏེ་རེག་པ་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རབ་

D8.019.0211b06.01
7

འབྱོར་{མྱིག་,མིག་}གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། {མྱིག་,མིག་}གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །

D8.019.0211b07.01