藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 292b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །ཡིད་ཀྱི་རྣམ་པར་ཤེས་པ་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །{མྱིག་,མིག་}གི་འདུས་ཏེ་རེག་པ་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟ་

D8.019.0292b01.01
2

འོ། །རྣ་བའི་འདུས་ཏེ་རེག་པ་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །སྣའི་འདུས་ཏེ་རེག་པ་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །ལྕེའི་འདུས་ཏེ་རེག་པ་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་

D8.019.0292b02.01
3

རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །ལུས་ཀྱི་འདུས་ཏེ་རེག་པ་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །ཡིད་ཀྱི་འདུས་ཏེ་རེག་པ་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །{མྱིག་,མིག་}གི་འདུས་ཏེ་རེག་

D8.019.0292b03.01
4

པའི་རྐྱེན་ཀྱིས་ཚོར་བ་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་

D8.019.0292b04.01
5

ཚོར་བ་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དབེན་པའི་སླད་

D8.019.0292b05.01
6

དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །སའི་ཁམས་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་

D8.019.0292b06.01
7

བལྟའོ། །ཆུའི་ཁམས་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །{མྱེའི་,མེའི་}ཁམས་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །རླུང་གི་ཁམས་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་

D8.019.0292b07.01