完整藏文原文 · 德格版页 当前仅加载第 19 函德格 283b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །ནང་སྟོང་པ་ཉིད་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །ཕྱི་སྟོང་པ་ཉིད་རང་བཞིན་མ་མཆིས་
D8.019.0283b01.01པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །ཕྱི་ནང་སྟོང་པ་ཉིད་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །སྟོང་པ་ཉིད་སྟོང་པ་ཉིད་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་
D8.019.0283b02.01ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །ཆེན་པོ་སྟོང་པ་ཉིད་རང་བཞིན་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །དོན་དམ་པ་སྟོང་པ་ཉིད་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་
D8.019.0283b03.01མཆིས་པར་བལྟའོ། །འདུ་བྱས་སྟོང་པ་ཉིད་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །འདུས་མ་བྱས་སྟོང་པ་ཉིད་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟ་
D8.019.0283b04.01འོ། །མཐའ་ལས་འདས་པ་སྟོང་པ་ཉིད་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་
D8.019.0283b05.01པར་བལྟའོ། །དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །རང་བཞིན་སྟོང་པ་ཉིད་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་
D8.019.0283b06.01བལྟའོ། །ཆོས་ཐམས་ཅད་སྟོང་པ་ཉིད་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །རང་གི་མཚན་ཉིད་སྟོང་པ་ཉིད་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་
D8.019.0283b07.01