完整藏文原文 · 德格版页 当前仅加载第 19 函德格 125a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
མདུན་དུ་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེས་ནི་དེ་ཐོས་ན་{མྱི་,མི་}འཇིགས་{མྱི་,མི་}སྔང་སྐྲག་པར་{མྱི་,མི་}འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་སུ་ཡི་
D8.019.0125a01.01རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ཡང་། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ། །རབ་འབྱོར་ཀྱིས་སྨྲས་པ། བྱམས་པ་སེམས་གང་གིས་རྗེས་སུ་ཡི་རང་ཞིང་། དགེ་བའི་རྩ་བ་དེ་དག་བླ་ན་{མྱེད་,མེད་}པ་ཡང་དག་པར་
D8.019.0125a02.01རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་བའི་སེམས་དེ་ནི་ཟད་ཅིང་འགགས་པ། {མྱེད་,མེད་}དེ་རྣམ་པར་གྱུར། དངོས་པོ་དེ་དག་དང་། {དམྱིགས་,དམིགས་}པ་དེ་དག་དང་། དགེ་བའི་རྩ་བ་དེ་དག་ཀྱང་ཟད་ཅིང་འགགས་ལ་{མྱེད་,མེད་}དེ། རྣམ་པར་གྱུར་ན་རྗེས་སུ་ཡི་རང་བ་དང་ལྡན་པའི་
D8.019.0125a03.01སེམས་ནི་གང་ཞིག། དངོས་པོ་དེ་དག་ནི་གང་ཞིག། {དམྱིགས་,དམིགས་}པ་དེ་དག་ནི་གང་ཞིག། དགེ་བའི་རྩ་བ་དེ་དག་ནི་གང་ཞིག། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ། ཅི་སེམས་ཀྱིས་སེམས་ཡོངས་སུ་བསྔོའམ། དེ་ལྟར་སེམས་ཀྱིས་སེམས་
D8.019.0125a04.01ཡོངས་སུ་བསྔོ་ན་ནི། སེམས་གཉིས་ཕྲད་པར་འགྱུར་བ་{མྱེད་,མེད་}དེ། སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ཡང་ཡོངས་སུ་བསྔོ་བར་{མྱི་,མི་}ནུས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཤེས་རབ་ཀྱི་ཕ་
D8.019.0125a05.01རོལ་ཏུ་ཕྱིན་པ་ནི་དངོས་པོ་{མྱེད་,མེད་}པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་{མྱེད་,མེད་}པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་{མྱེད་,མེད་}པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་{མྱེད་,མེད་}པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་{མྱེད་,མེད་}པའོ། །སྦྱིན་
D8.019.0125a06.01པའི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་{མྱེད་,མེད་}པའོ། །ནང་སྟོང་པ་ཉིད་ནི་དངོས་པོ་{མྱེད་,མེད་}པའོ། །ཕྱི་སྟོང་པ་ཉིད་ནི་དངོས་པོ་{མྱེད་,མེད་}པའོ། །ཕྱི་ནང་སྟོང་པ་ཉིད་ནི་དངོས་པོ་{མྱེད་,མེད་}པའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་དངོས་པོ་{མྱེད་,མེད་}པའོ། །ཆེན་པོ་སྟོང་པ་ཉིད་ནི་དངོས་པོ་{མྱེད་,མེད་}པའོ། །དོན་
D8.019.0125a07.01