藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 214b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རང་བཞིན་སྟོང་པ་ཉིད་དུ་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རང་བཞིན་སྟོང་པ་ཉིད་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་

D8.019.0214b01.01
2

དུ་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་དུ་{མྱི་,མི་}

D8.019.0214b02.01
3

{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རབ་འབྱོར་{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་དུ་{མྱི་,མི་}{དམྱིགས་,དམིགས་}པས།

D8.019.0214b03.01
4

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། {མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རབ་འབྱོར་དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་དུ་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་

D8.019.0214b04.01
5

ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་དུ་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

D8.019.0214b05.01
6

ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ངོ་བོ་ཉིད་སྟོང་པ་ཉིད་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རབ་{འབྱོརད་,འབྱོར་}དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་

D8.019.0214b06.01
7

ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་སུ་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་

D8.019.0214b07.01