完整藏文原文 · 德格版页 当前仅加载第 19 函德格 57b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་དབང་པོ་རྣམས་{མྱི་,མི་}རྟག་གོ་ཞེས་བྱ་བར་རྟོག་པ་དང་། དབང་པོ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། དབང་པོ་རྣམས་བདག་{མྱེད་,མེད་}དོ་ཞེས་བྱ་བར་རྟོག་པ་དང་། དབང་པོ་རྣམས་{མྱི་,མི་}སྡུག་གོ་ཞེས་བྱ་བར་རྟོག་པས།
D8.019.0057b01.01ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །སྟོབས་རྣམས་{མྱི་,མི་}རྟག་གོ་ཞེས་བྱ་བར་སྟོན། སྟོབས་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། སྟོབས་རྣམས་བདག་{མྱེད་,མེད་}དོ་ཞེས་བྱ་བར་སྟོན། སྟོབས་རྣམས་{མྱི་,མི་}སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་
D8.019.0057b02.01སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། སྟོབས་རྣམས་{མྱི་,མི་}རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྟོབས་རྣམས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །སྟོབས་རྣམས་བདག་{མྱེད་,མེད་}ཅེས་
D8.019.0057b03.01བྱ་བར་རྟོག་པར་འགྱུར་རོ། །སྟོབས་རྣམས་{མྱི་,མི་}སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་སྟོབས་རྣམས་{མྱི་,མི་}རྟག་གོ་ཞེས་བྱ་བར་རྟོག་པ་དང་། སྟོབས་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། སྟོབས་རྣམས་བདག་{མྱེད་,མེད་}དོ་ཞེས་བྱ་བར་རྟོག་པ་དང་། སྟོབས་
D8.019.0057b04.01རྣམས་{མྱི་,མི་}སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་{མྱི་,མི་}རྟག་གོ་ཞེས་བྱ་བར་སྟོན། བྱང་ཆུབ་ཀྱི་ཡན་ལག་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། བྱང་ཆུབ་ཀྱི་ཡན་
D8.019.0057b05.01ལག་རྣམས་བདག་{མྱེད་,མེད་}དོ་ཞེས་བྱ་བར་སྟོན། བྱང་ཆུབ་ཀྱི་ཡན་ལག་རྣམས་{མྱི་,མི་}སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། བྱང་ཆུབ་ཀྱི་ཡན་ལག་རྣམས་{མྱི་,མི་}རྟག་ཅེས་
D8.019.0057b06.01བྱ་བར་རྟོག་པར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་བདག་{མྱེད་,མེད་}ཅེས་བྱ་བར་རྟོག་པར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་{མྱི་,མི་}སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་
D8.019.0057b07.01