完整藏文原文 · 德格版页 当前仅加载第 24 函德格 15a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་{མྱི་,མི་}བདེ་བ་དང་། འཁྲུག་པ་དང་། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་རྣམས་འབྱུང་བར་{མྱི་,མི་}འགྱུར་རོ་ཞེས་སོ་སོར་རྟོག་ཅིང་། སྐྱེ་བ་མེད་ན་རྒ་ཤི་འབྱུང་བར་
D8.024.0015a01.01{མྱི་,མི་}འགྱུར་རོ། །ཞེས་སོ་སོར་རྟོག་གོ །སྲིད་པ་{མྱེད་,མེད་}ན་སྐྱེ་བ་འབྱུང་བར་{མྱི་,མི་}འགྱུར་རོ་ཞེས་སོ་སོར་རྟོག་གོ །ལེན་པ་{མྱེད་,མེད་}ན་སྲིད་པ་འབྱུང་བར་{མྱི་,མི་}འགྱུར་རོ་ཞེས་སོ་སོར་རྟོག་གོ །སྲེད་པ་མེད་ན་ལེན་པ་འབྱུང་བར་{མྱི་,མི་}འགྱུར་རོ་ཞེས་སོ་སོར་རྟོག་གོ །ཚོར་བ་{མྱེད་,མེད་}ན་སྲེད་
D8.024.0015a02.01པ་འབྱུང་བར་{མྱི་,མི་}འགྱུར་རོ་ཞེས་སོ་སོར་རྟོག་གོ །རེག་པ་{མྱེད་,མེད་}ན་ཚོར་བ་འབྱུང་བར་{མྱི་,མི་}འགྱུར་རོ་ཞེས་སོ་སོར་རྟོག་གོ །སྐྱེ་མཆེད་དྲུག་{མྱེད་,མེད་}ན་རེག་པ་འབྱུང་བར་{མྱི་,མི་}འགྱུར་རོ་ཞེས་སོ་སོར་རྟོག་གོ །{མྱིང་,མིང་}དང་གཟུགས་མེད་ན་སྐྱེ་མཆེད་དྲུག་འབྱུང་བར་{མྱི་,མི་}འགྱུར་རོ་ཞེས་སོ་
D8.024.0015a03.01སོར་རྟོག་གོ །རྣམ་པར་ཤེས་པ་{མྱེད་,མེད་}ན་{མྱིང་,མིང་}དང་གཟུགས་འབྱུང་བར་{མྱི་,མི་}འགྱུར་རོ་ཞེས་སོ་སོར་རྟོག་གོ །འདུ་བྱེད་མེད་ན་རྣམ་པར་ཤེས་པ་འབྱུང་བར་{མྱི་,མི་}འགྱུར་རོ་ཞེས་སོ་སོར་རྟོག་གོ །མ་རིག་པ་མེད་ན་འདུ་བྱེད་འབྱུང་བར་མི་འགྱུར་རོ་ཞེས་སོ་སོར་རྟོག་ཅིང་།
D8.024.0015a04.01དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་འདི་འགག་པར་འགྱུར་རོ་ཞེས་སོ་སོར་རྟོག་གོ །དེ་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་ལུགས་དང་མཐུན་པ་དང་། ལུགས་དང་{མྱི་,མི་}མཐུན་པ་ལ་སོ་སོར་རྟོག་ཅིང་། དགེ་བའི་
D8.024.0015a05.01རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་བར་བྱེད་དོ། །དེ་ཡང་ཅི་ལྟ་བུ་ཞིག་སྔོ་བར་བྱེད་པ་དང་། ཅི་ལྟར་བསྔོ་བར་བྱ་བ་དང་། གང་དུ་བསྔོ་བར་བྱ་བ་གསུམ་གྱི་བློ་{མྱི་,མི་}འབྱུང་བ་དེ་ལྟར་
D8.024.0015a06.01སྔོ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་
D8.024.0015a07.01