完整藏文原文 · 德格版页 当前仅加载第 24 函德格 226b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
འབྲས་བུ་ཐོབ་པར་མི་བྱེད། ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ཐོབ་པར་{མྱི་,མི་}བྱེད། དགྲ་བཅོམ་པ་ཉིད་ཐོབ་པར་{མྱི་,མི་}བྱེད། རང་བྱང་ཆུབ་ཐོབ་པར་{མྱི་,མི་}བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་སོ། །ཆོས་ཐམས་ཅད་{མྱེད་,མེད་}པ་དང་
D8.024.0226b01.01མ་བྱུང་བར་ཤེས་སོ། །ཆོས་ཐམས་ཅད་ཡོངས་སུ་མ་རྫོགས་པར་ཤེས་སོ། །ཆོས་ཐམས་ཅད་མངོན་པར་མ་གྲུབ་པར་ཤེས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཐར་ཀྱིས་གནས་
D8.024.0226b02.01པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་ཀྱང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་{མྱི་,མི་}བྱེད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་{མྱི་,མི་}བྱེད། ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་{མྱི་,མི་}བྱེད། དགྲ་བཅོམ་པ་ཉིད་ཐོབ་པར་{མྱི་,མི་}བྱེད། རང་བྱང་ཆུབ་
D8.024.0226b03.01ཐོབ་པར་{མྱི་,མི་}བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་སོ། །ཆོས་ཐམས་ཅད་{མྱེད་,མེད་}པ་དང་མ་བྱུང་བར་ཤེས་སོ། །ཆོས་ཐམས་ཅད་ཡོངས་སུ་མ་རྫོགས་པར་ཤེས་སོ། །ཆོས་ཐམས་ཅད་མངོན་པར་མ་གྲུབ་
D8.024.0226b04.01པར་ཤེས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡོངས་སུ་འདྲིས་པར་བྱེད། {མྱི་,མི་}འཇིགས་པ་བཞི་ལ་ཡོངས་སུ་འདྲིས་པར་བྱེད། སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡོངས་སུ་འདྲིས་
D8.024.0226b05.01པར་བྱེད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ལ་ཡོངས་སུ་འདྲིས་པར་བྱེད། བྱམས་པ་ཆེན་པོ་ལ་ཡོངས་སུ་འདྲིས་པར་བྱེད། སྙིང་རྗེ་ཆེན་པོ་ལ་ཡོངས་སུ་འདྲིས་པར་བྱེད། ནམ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་གྱུར་པ་དང་། སེམས་ཅན་རྣམས་
D8.024.0226b06.01ཡོངས་སུ་སྨྱིན་པར་མ་གྱུར་གྱི་བར་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་{མྱི་,མི་}བྱེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་
D8.024.0226b07.01