藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 378b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེས་ཆེན་པོ་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ཆེན་པོ་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །དེས་ཆེན་པོ་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་

D8.024.0378b01.01
2

རྗེས་སུ་མ་མཐོང་བས། ཆེན་པོ་སྟོང་པ་ཉིད་ཀྱི་ཚོགས་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་དོན་དམ་པ་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་

D8.024.0378b02.01
3

པར་རྗེས་སུ་{མྱི་,མི་}མཐོང་སྟེ། དེས་དོན་དམ་པ་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། དོན་དམ་པ་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །དེས་དོན་དམ་པ་སྟོང་པ་ཉིད་ཀྱི་སྐྱེ་བ་

D8.024.0378b03.01
4

ཡང་དག་པར་རྗེས་སུ་མ་མཐོང་བས། དོན་དམ་པ་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །དེས་དོན་དམ་པ་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། དོན་དམ་པ་སྟོང་པ་ཉིད་ཀྱི་ཚོགས་ཡང་དག་པར་

D8.024.0378b04.01
5

རྗེས་སུ་{མྱི་,མི་}མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་འདུས་བྱས་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་སྟེ། དེས་འདུས་བྱས་སྟོང་པ་ཉིད་ཀྱི་ཡང་

D8.024.0378b05.01
6

དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། འདུས་བྱས་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེས་འདུས་བྱས་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། འདུས་བྱས་སྟོང་

D8.024.0378b06.01
7

པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །དེས་འདུས་བྱས་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། འདུས་བྱས་སྟོང་པ་ཉིད་ཀྱི་ཚོགས་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་སྟེ། གསོབ་ཉིད་དང་།

D8.024.0378b07.01