藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 398a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་སྒོམ་མོ། །སྒྲ་བརྙན་ལྟ་བུའི་ཉེ་བར་

D8.024.0398a01.01
2

ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་སྒོམ་མོ། །གཟུགས་བརྙན་ལྟ་བུའི་ཉེ་བར་ལེན་

D8.024.0398a02.01
3

པའི་ཕུང་པོ་ལྔ་ལ་གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་སྒོམ་མོ། །དྲི་ཟའི་གྲོང་ཁྱེར་ལྟ་བུའི་ཉེ་

D8.024.0398a03.01
4

བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་སྒོམ་མོ། །སྤྲུལ་པ་ལྟ་བུའི་ཉེ་

D8.024.0398a04.01
5

བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་སྒོམ་མོ། །དེ་འདི་ལྟར་རྟོག་སྟེ། ཉེ་བར་ལེན་

D8.024.0398a05.01
6

པའི་ཕུང་པོ་ལྔ་ནི་{རྨྱི་,རྨི་}ལམ་ལྟ་བུ་སྟེ། མཚན་ཉིད་{མྱེད་,མེད་}པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྒྱུ་མ་ལྟ་བུ་སྟེ། མཚན་ཉིད་{མྱེད་,མེད་}པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྨྱིག་རྒྱུ་ལྟ་བུ་སྟེ། མཚན་ཉིད་{མྱེད་,མེད་}པའོ། །ཉེ་བར་ལེན་པའི་ཕུང་པོ་

D8.024.0398a06.01
7

ལྔ་ནི་ཆུ་ཟླ་ལྟ་བུ་སྟེ། མཚན་ཉིད་{མྱེད་,མེད་}པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་{མྱིག་,མིག་}ཡོར་ལྟ་བུ་སྟེ། མཚན་ཉིད་{མྱེད་,མེད་}པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྒྲ་བརྙན་ལྟ་བུ་སྟེ། མཚན་ཉིད་{མྱེད་,མེད་}པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་གཟུགས་

D8.024.0398a07.01