藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 207b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དངོས་པོ་མེད་པར་ཡང་ཡིད་ལ་{མྱི་,མི་}བྱེད་དོ། །གང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མི་རྟོག་མཚན་མར་{མྱི་,མི་}བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་{མྱེད་,མེད་}པར་ཡང་ཡིད་ལ་{མྱི་,མི་}བྱེད་དོ། །སེམས་ཅན་གང་གི་དོན་ཏུ་སངས་རྒྱས་ཀྱི་

D8.024.0207b01.01
2

ཆོས་མ་འདྲེས་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་{མྱི་,མི་}རྟོག་མཚན་མར་{མྱི་,མི་}བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་{མྱེད་,མེད་}པར་ཡང་ཡིད་ལ་{མྱི་,མི་}བྱེད་དོ། །ཐམས་ཅད་ཤེས་པ་ཉིད་ལ་སྤྱོད་པའི་ཚེ། ཐམས་ཅད་ཤེས་པ་ཉིད་དེ་ལ་{མྱི་,མི་}རྟོག་མཚན་མར་{མྱི་,མི་}བྱེད་དེ།

D8.024.0207b02.01
3

དངོས་པོ་ཡོད་པ་འམ། དངོས་པོ་{མྱེད་,མེད་}པར་ཡང་ཡིད་ལ་{མྱི་,མི་}བྱེད་དོ། །གང་ཐམས་ཅད་ཤེས་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་{མྱི་,མི་}རྟོག་མཚན་མར་{མྱི་,མི་}བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་{མྱི་,མི་}བྱེད་དོ། །སེམས་ཅན་གང་གི་དོན་ཏུ་

D8.024.0207b03.01
4

ཐམས་ཅད་ཤེས་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་{མྱི་,མི་}རྟོག་མཚན་མར་{མྱི་,མི་}བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་{མྱེད་,མེད་}པར་ཡང་ཡིད་ལ་{མྱི་,མི་}བྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པའི་ཚེ། ལམ་གྱི་རྣམ་པ་ཤེས་པ་ཉིད་དེ་ལ་{མྱི་,མི་}རྟོག་མཚན་མར་

D8.024.0207b04.01
5

{མྱི་,མི་}བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་{མྱེད་,མེད་}པར་ཡང་ཡིད་ལ་{མྱི་,མི་}བྱེད་དོ། །གང་ལམ་གྱི་རྣམ་པ་ཤེས་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་{མྱི་,མི་}རྟོག་མཚན་མར་{མྱི་,མི་}བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་{མྱེད་,མེད་}པར་ཡང་ཡིད་ལ་{མྱི་,མི་}བྱེད་དོ། །སེམས་

D8.024.0207b05.01
6

ཅན་གང་གི་དོན་ཏུ་ལམ་གྱི་རྣམ་པ་ཤེས་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་{མྱི་,མི་}རྟོག་མཚན་མར་{མྱི་,མི་}བྱེད་དེ། དངོས་པོ་ཡོད་པའམ། དངོས་པོ་{མྱེད་,མེད་}པར་ཡང་ཡིད་ལ་{མྱི་,མི་}བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་

D8.024.0207b06.01
7

མཁྱེན་པ་ཉིད་དེ་ལ་{མྱི་,མི་}རྟོག་མཚན་མར་{མྱི་,མི་}བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་{མྱེད་,མེད་}པར་ཡང་ཡིད་ལ་{མྱི་,མི་}བྱེད་དོ། །བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་{མྱི་,མི་}རྟོག་མཚན་མར་{མྱི་,མི་}བྱེད་དེ། དངོས་པོ་ཡོད་པ་འམ།

D8.024.0207b07.01