完整藏文原文 · 德格版页 当前仅加载第 24 函德格 387a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། རྒྱུན་ཏུ་ཞུགས་པའི་འབྲས་བུའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །དེས་རྒྱུན་ཏུ་ཞུགས་པའི་འབྲས་བུའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་
D8.024.0387a01.01མཐོང་བས། རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཚོགས་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཡང་དག་པ་དང་།
D8.024.0387a02.01ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་སྟེ། དེས་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་སྐྱེ་བ་ཡང་དག་
D8.024.0387a03.01པར་རྗེས་སུ་{མྱི་,མི་}མཐོང་ངོ་། །དེས་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །དེས་ལན་ཅིག་ཕྱིར་
D8.024.0387a04.01འོང་བའི་འབྲས་བུའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཚོགས་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །
D8.024.0387a05.01དེས་ཕྱིར་{མྱི་,མི་}འོང་བའི་འབྲས་བུའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེས་ཕྱིར་{མྱི་,མི་}འོང་བའི་འབྲས་བུའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས།
D8.024.0387a06.01ཕྱིར་{མྱི་,མི་}འོང་བའི་འབྲས་བུའི་སྐྱེ་བ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །དེས་ཕྱིར་{མྱི་,མི་}འོང་བའི་འབྲས་བུའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ཕྱིར་{མྱི་,མི་}འོང་བའི་འབྲས་བུའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་
D8.024.0387a07.01