完整藏文原文 · 德格版页 当前仅加载第 24 函德格 357a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཡོངས་སུ་རྫོགས་པར་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དོ། །རྣམ་པར་ཐར་པའི་སྒོ་གསུམ་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་
D8.024.0357a01.01ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་
D8.024.0357a02.01རྫོགས་པར་བྱེད་དོ། །{མྱི་,མི་}འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །སྙིང་རྗེ་ཆེན་པོ་
D8.024.0357a03.01ཡོངས་སུ་རྫོགས་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་འཕགས་པའི་ཆོས་ཟག་པ་{མྱེད་,མེད་}པ་འཇིག་རྟེན་ལས་འདས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་
D8.024.0357a04.01ཐུན་མོང་མ་ཡིན་པ་དེ་དག་ལ་གནས་ཏེ། འཕགས་པའི་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་དེ་དག་ཡོངས་སུ་རྫོགས་ནས་ཕ་{རོལད་,རོལ་}ཏུ་{ཕྱིནད་,ཕྱིན་}པ་དྲུག་དང་། མངོན་པར་
D8.024.0357a05.01ཤེས་པ་ལྔ་པོ་དེ་དག་ལ་གནས་ཏེ། ལྷའི་{མྱིག་,མིག་}གིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་{མྱེད་,མེད་}གྲངས་{མྱེད་,མེད་}དཔག་ཏུ་{མྱེད་,མེད་}པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཅི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་
D8.024.0357a06.01དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས། སངས་རྒྱས་རྗེས་སུ་དྲན་པ་འཐོབ་བོ། །དེའི་སངས་རྒྱས་རྗེས་སུ་དྲན་པ་དེ་ཡང་ནམ་བླ་ན་{མྱེད་,མེད་}པ་ཡང་དག་པར་
D8.024.0357a07.01