藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 52b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བའི་ཚོར་བའོ་ཞེས་བྱ་བར་མངོན་པར་ཆགས་པ་{མྱེད་,མེད་}དོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེ་འམ། འདི་ནི་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ། །འདིའི་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ་ཞེས་བྱ་བར་མངོན་པར་ཆགས་པ་{མྱེད་,མེད་}

D8.024.0052b01.01
2

དོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེ་འམ། འདི་ནི་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ། །འདིའི་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ་ཞེས་བྱ་བར་མངོན་པར་ཆགས་པ་{མྱེད་,མེད་}དོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེ་འམ།

D8.024.0052b02.01
3

འདི་ནི་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ། །འདིའི་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ་ཞེས་བྱ་བར་མངོན་པར་ཆགས་པ་{མྱེད་,མེད་}དོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེ་འམ། འདི་ནི་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ། །

D8.024.0052b03.01
4

འདིའི་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ་ཞེས་བྱ་བར་མངོན་པར་ཆགས་པ་{མྱེད་,མེད་}དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེ་འམ། འདི་ནི་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ། །འདིའི་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་

D8.024.0052b04.01
5

བའི་ཞེས་བྱ་བར་མངོན་པར་ཆགས་པ་{མྱེད་,མེད་}དོ། །སའི་ཁམས་ཤེ་འམ། འདི་ནི་སའི་ཁམས་སོ། །འདིའི་སའི་ཁམས་སོ་ཞེས་བྱ་བར་མངོན་པར་ཆགས་པ་{མྱེད་,མེད་}དོ། །ཆུའི་ཁམས་ཞེ་འམ། འདི་ནི་ཆུའི་ཁམས་སོ། །འདིའི་ཆུའི་ཁམས་སོ་ཞེས་བྱ་བར་མངོན་པར་

D8.024.0052b05.01
6

ཆགས་པ་{མྱེད་,མེད་}དོ། །{མྱེའི་,མེའི་}ཁམས་ཤེའམ། འདི་ནི་{མྱེའི་,མེའི་}ཁམས་སོ། །འདིའི་{མྱེའི་,མེའི་}ཁམས་སོ་ཞེས་བྱ་བར་མངོན་པར་ཆགས་པ་{མྱེད་,མེད་}དོ། །རླུང་གི་ཁམས་ཤེ་འམ། འདི་ནི་རླུང་གི་ཁམས་སོ། །འདིའི་རླུང་གི་ཁམས་སོ་ཞེས་བྱ་བར་མངོན་པར་ཆགས་པ་{མྱེད་,མེད་}

D8.024.0052b06.01
7

དོ། ནམ་མཁའི་ཁམས་ཤེའམ། འདི་ནི་ནམ་མཁའི་ཁམས་སོ། །འདིའི་ནམ་མཁའི་ཁམས་སོ་ཤེས་བྱ་བར་མངོན་པར་ཆགས་པ་{མྱེད་,མེད་}དོ། །རྣམ་པར་ཤེས་པའི་ཁམས་ཤེ་འམ། འདི་ནི་རྣམ་པར་ཤེས་པའི་ཁམས་སོ། །འདིའི་རྣམ་པར་ཤེས་པའི་

D8.024.0052b07.01