完整藏文原文 · 德格版页 当前仅加载第 24 函德格 302a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེས་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལས་འདས་ནས། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་།
D8.024.0302a01.01ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་{མྱེད་,མེད་}པར་འཇུག་གོ །བྱང་ཆུབ་སེམས་དཔའི་སྐྱོན་{མྱེད་,མེད་}པར་ཞུགས་ནས། སངས་རྒྱས་ཀྱི་ཞིང་ཡོངས་
D8.024.0302a02.01སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། ཆོས་ཀྱི་འཁོར་ལོ་སྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས།
D8.024.0302a03.01སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་། འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་ཀྱིས་མཐར་ཀྱིས་སྤྱོད་པ་ཡོད་པ་ཡིན་ཏེ།
D8.024.0302a04.01དེ་ཐམས་ཅད་ཀྱང་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བདག་ཀྱང་ཚད་
D8.024.0302a05.01{མྱེད་,མེད་}པ་དང་། བསམ་གཏན་དང་། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །གཞན་ཡང་ཚད་{མྱེད་,མེད་}པ་དང་། བསམ་གཏན་དང་། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་ལ་རབ་ཏུ་འགོད་དོ། །ཚད་{མྱེད་,མེད་}པ་
D8.024.0302a06.01དང་། བསམ་གཏན་དང་། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ཀྱི་ལེགས་པ་རྗོད་དོ། །གཞན་ཚད་{མྱེད་,མེད་}པ་དང་། བསམ་གཏན་དང་། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་པ་དེ་དག་གི་ལེགས་
D8.024.0302a07.01