完整藏文原文 · 德格版页 当前仅加载第 24 函德格 172a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཉིད་རྣམ་པར་དཀྲུགས་པར་མ་གྱུར་ཏམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ། ངས་ཇི་ལྟར་ན་གཞན་རྣམས་ཁོང་དུ་ཆུད་པར་འགྱུར་ཞེས་{མྱིང་,མིང་}དང་མཚན་མས་ཆོས་རྣམས་ཀྱི་ཆོས་ཉིད་
D8.024.0172a01.01བསྟན་ཏེ། ཆོས་རྣམས་བརྗོད་ཀྱི། ཆོས་རྣམས་ཀྱི་ཆོས་ཉིད་རྣམ་པར་དཀྲུགས་པ་{མྱེད་,མེད་}དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་གཞན་རྣམས་ཁོང་དུ་ཆུད་པར་བགྱི་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་{མྱིང་,མིང་}དང་མཚན་མས་ཆོས་རྣམས་ཀྱི་ཆོས་
D8.024.0172a02.01ཉིད་བསྟན་ཏེ། ཆོས་རྣམས་བརྗོད་པ་མཛད་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་{མྱིང་,མིང་}མ་མཆིས་ཤིང་མཚན་མ་མ་མཆིས་པ་ལ་ཇི་ལྟར་{མྱིང་,མིང་}དང་མཚན་མས་བརྗོད་པ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བརྗོད་པ་ནི་{མྱིང་,མིང་}ཡང་མ་
D8.024.0172a03.01ཡིན། མཚན་མ་ཡང་མ་ཡིན། མངོན་པར་ཆགས་པ་ཡང་མ་ཡིན་ཏེ། རབ་འབྱོར་གཞན་དུ་ན་སྡུག་བསྔལ་ཉིད་བརྗོད་པར་ཟད་དེ། {མྱིང་,མིང་}དང་མཚན་མ་ལ་མངོན་པར་ཆགས་པ་{མྱེད་,མེད་}དོ། །རབ་འབྱོར་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་
D8.024.0172a04.01པའི་ཉན་ཐོས་ནི་{མྱིང་,མིང་}དང་མཚན་མ་ལ་མངོན་པར་ཆགས་པར་{མྱི་,མི་}འགྱུར་ཏེ། རབ་འབྱོར་གལ་ཏེ་{མྱིང་,མིང་}ལ་མངོན་པར་ཆགས་པར་འགྱུར་རམ། མཚན་མ་ལ་མངོན་པར་ཆགས་པར་འགྱུར་ན་ནི། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ལ་མངོན་པར་ཆགས་པར་འགྱུར་
D8.024.0172a05.01རོ། །མཚན་མ་{མྱེད་,མེད་}པ་འང་མཚན་མ་མེད་པ་ལ་མངོན་པར་ཆགས་པར་འགྱུར་རོ། །སྨོན་པ་{མྱེད་,མེད་}པའང་སྨོན་པ་{མྱེད་,མེད་}པ་ལ་མངོན་པར་ཆགས་པར་འགྱུར་རོ། །དེ་བཞིན་ཉིད་ཀྱང་དེ་བཞིན་ཉིད་ལ་མངོན་པར་ཆགས་པར་འགྱུར་རོ། །ཡང་དག་པའི་མཐའ་
D8.024.0172a06.01ཡང་ཡང་དག་པའི་མཐའ་ལ་མངོན་པར་ཆགས་པར་འགྱུར་རོ། །ཆོས་ཀྱི་དབྱིངས་ཀྱང་ཆོས་ཀྱི་དབྱིངས་ལ་མངོན་པར་ཆགས་པར་འགྱུར་རོ། །འདུས་མ་བྱས་ཀྱང་འདུས་མ་བྱས་ལ་མངོན་པར་ཆགས་པར་འགྱུར་ཏེ། ཆོས་འདི་དག་ཐམས་ཅད་ཀྱང་{མྱིང་,མིང་}ཙམ་དུ་
D8.024.0172a07.01