完整藏文原文 · 德格版页 当前仅加载第 24 函德格 146a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་པ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། སྤྱོད་པ་མ་མཆིས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལགས། བཅོམ་
D8.024.0146a01.01ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་{མྱི་,མི་}{དམྱིགས,དམིགས}། བྱང་ཆུབ་སེམས་དཔའ་ཡང་{མྱི་,མི་}{དམྱིགས,དམིགས}། སྤྱོད་པ་ཡང་{མྱི་,མི་}{དམྱིགས,དམིགས}། གང་སྤྱོད་པ་དང་། གང་གིས་སྤྱོད་པ་དང་། གང་ལ་སྤྱོད་པ་དེ་ཡང་{མྱི་,མི་}{དམྱིགས་,དམིགས་}
D8.024.0146a02.01ཏེ། རབ་འབྱོར་གང་ལ་སྤྲོས་པ་དེ་དག་ཐམས་ཅད་{མྱི་,མི་}{དམྱིགས་,དམིགས་}པ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་པ་{མྱེད་,མེད་}པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་སྤྱོད་པ་མ་མཆིས་པ།
D8.024.0146a03.01ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལགས་ན། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་ལས་དང་པོ་པའི་
D8.024.0146a04.01བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སེམས་དང་པོ་བསྐྱེད་པ་ཉིད་ནས་བརྩམས་ཏེ་ཆོས་ཐམས་ཅད་{དམྱིགས་,དམིགས་}སུ་{མྱེད་,མེད་}པ་ལ་བསླབ་པར་བྱའོ། །དེས་སྦྱིན་པ་གཏོང་བའི་ཚེ། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་སྦྱིན་པ་གཏང་བར་བྱའོ། །ཚུལ་ཁྲིམས་
D8.024.0146a05.01སྲུང་བའི་ཚེ། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། ཚུལ་ཁྲིམས་བསྲུང་བར་བྱའོ། །བཟོད་པ་སྒྲུབ་པའི་ཚེ། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་བཟོད་པ་བསྒྲུབ་པར་བྱའོ། །བརྩོན་འགྲུས་རྩོམ་པའི་ཚེ། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། བརྩོན་འགྲུས་བརྩམ་པར་བྱའོ། །
D8.024.0146a06.01ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་ཚེ། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་བྱའོ། །ཤེས་རབ་སྒོམ་པའི་ཚེ། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། ཤེས་རབ་བསྒོམ་པར་བྱའོ། །ནང་སྟོང་པ་ཉིད་སྒོམ་པའི་ཚེ། {མྱི་,མི་}{དམྱིགས་,དམིགས་}
D8.024.0146a07.01