藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 164b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སེམས་སུ་བྱེད་ཅིང་། བྱམས་པ་ཆེན་པོར་{དམྱིགས་,དམིགས་}སོ། །སྙིང་རྗེ་ཆེན་པོས་རློམ་སེམས་སུ་བྱེད་ཅིང་། སྙིང་རྗེ་ཆེན་པོར་{དམྱིགས་,དམིགས་}སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ཀྱིས་རློམ་སེམས་སུ་བྱེད་ཅིང་། སངས་རྒྱས་ཀྱི་ཆོས་མ་

D8.024.0164b01.01
2

འདྲེས་པ་{བཅྭོ་,བཅོ་}བརྒྱད་དུ་{དམྱིགས་,དམིགས་}སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུས་རློམ་སེམས་སུ་བྱེད་ཅིང་། རྒྱུན་ཏུ་ཞུགས་པའི་འབྲས་བུར་{དམྱིགས་,དམིགས་}སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུས་རློམ་སེམས་སུ་བྱེད་ཅིང་། ལན་ཅིག་ཕྱིར་འོང་བའི་

D8.024.0164b02.01
3

འབྲས་བུར་{དམྱིགས་,དམིགས་}སོ། །ཕྱིར་{མྱི་,མི་}འོང་བའི་འབྲས་བུས་རློམ་སེམས་སུ་བྱེད་ཅིང་། ཕྱིར་{མྱི་,མི་}འོང་བའི་འབྲས་བུར་{དམྱིགས་,དམིགས་}སོ། །དགྲ་བཅོམ་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། དགྲ་བཅོམ་པ་ཉིད་དུ་{དམྱིགས་,དམིགས་}སོ། །རང་བྱང་ཆུབ་ཀྱིས་

D8.024.0164b03.01
4

རློམ་སེམས་སུ་བྱེད་ཅིང་། རང་བྱང་ཆུབ་ཏུ་{དམྱིགས་,དམིགས་}སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དུ་{དམྱིགས་,དམིགས་}སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་རློམ་སེམས་སུ་བྱེད་

D8.024.0164b04.01
5

ཅིང་། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་{དམྱིགས་,དམིགས་}ཏེ། དེ་འདི་སྙམ་དུ་བདག་གིས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །བདག་གིས་སེམས་ཅན་རྣམས་འཁོར་བ་ནས་དགྲོལ་བར་བྱའོ། །སྙམ་དུ་སེམས་ཤིང་དེ་

D8.024.0164b05.01
6

དེ་ལྟར་ཡང་དག་པ་མ་ཡིན་པར་རྣམ་པར་རྟོག་གོ །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། {མྱིག་,མིག་}དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་།

D8.024.0164b06.01
7

གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་དང་། {མྱིག་,མིག་}གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་

D8.024.0164b07.01