完整藏文原文 · 德格版页 当前仅加载第 24 函德格 227a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུའི་ཆོས་ཟབ་མོ་དག་ལ་སྤྱོད་ཀྱང་། རྣམ་པར་སྨིན་པ་ཡོངས་སུ་{མྱི་,མི་}འཛིན་པ་ནི་བློ་དམ་པ་དང་ལྡན་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་
D8.024.0227a01.01ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟ་བུའི་ཆོས་ཟབ་མོ་དག་ལ་སྤྱོད་ཅིང་། རྣམ་པར་སྨིན་པ་ཡོངས་སུ་{མྱི་,མི་}འཛིན་པ་ནི་བློ་དམ་པ་དང་ལྡན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངོ་བོ་ཉིད་
D8.024.0227a02.01ལས་{མྱི་,མི་}གཡོའོ། །གསོལ་པ། བཅོམ་ལྡན་འདས་ངོ་བོ་ཉིད་གང་ལས་{མྱི་,མི་}གཡོ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དངོས་པོ་མེད་པ་ལས་{མྱི་,མི་}གཡོ་བ་ཡིན་ཏེ། རབ་འབྱོར་གང་ཡང་འདི་སྐད་དུ་ངོ་བོ་ཉིད་གང་ལས་{མྱི་,མི་}གཡོ་ཞེས་
D8.024.0227a03.01ཟེར་བ་ནི་གཟུགས་ཀྱི་ངོ་བོ་ཉིད་ལས་{མྱི་,མི་}གཡོའོ། །ཚོར་བའི་ངོ་བོ་ཉིད་ལས་{མྱི་,མི་}གཡོའོ། །འདུ་ཤེས་ཀྱི་ངོ་བོ་ཉིད་ལས་{མྱི་,མི་}གཡོའོ། །འདུ་བྱེད་ཀྱི་ངོ་བོ་ཉིད་ལས་{མྱི་,མི་}གཡོའོ། །རྣམ་པར་ཤེས་པའི་ངོ་བོ་ཉིད་ལས་{མྱི་,མི་}གཡོའོ། །མིག་གི་ངོ་བོ་ཉིད་ལས་མི་གཡོའོ། །
D8.024.0227a04.01རྣ་བའི་ངོ་བོ་ཉིད་ལས་{མྱི་,མི་}གཡོའོ། །སྣའི་ངོ་བོ་ཉིད་ལས་{མྱི་,མི་}གཡོའོ། །ལྕེའི་ངོ་བོ་ཉིད་ལས་{མྱི་,མི་}གཡོའོ། །ལུས་ཀྱི་ངོ་བོ་ཉིད་ལས་{མྱི་,མི་}གཡོའོ། །ཡིད་ཀྱི་ངོ་བོ་ཉིད་ལས་{མྱི་,མི་}གཡོའོ། །གཟུགས་ཀྱི་ངོ་བོ་ཉིད་ལས་{མྱི་,མི་}གཡོའོ། །སྒྲའི་ངོ་བོ་ཉིད་ལས་{མྱི་,མི་}
D8.024.0227a05.01གཡོའོ། །དྲིའི་ངོ་བོ་ཉིད་ལས་{མྱི་,མི་}གཡོའོ། །རོའི་ངོ་བོ་ཉིད་ལས་{མྱི་,མི་}གཡོའོ། །རེག་གི་ངོ་བོ་ཉིད་ལས་{མྱི་,མི་}གཡོའོ། །ཆོས་ཀྱི་ངོ་བོ་ཉིད་ལས་{མྱི་,མི་}གཡོའོ། །{མྱིག་,མིག་}གི་རྣམ་པར་ཤེས་པའི་ངོ་བོ་ཉིད་ལས་{མྱི་,མི་}གཡོའོ། །རྣ་བའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ལས་{མྱི་,མི་}
D8.024.0227a06.01གཡོའོ། །སྣའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ལས་{མྱི་,མི་}གཡོའོ། །ལྕེའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ལས་{མྱི་,མི་}གཡོའོ། །ལུས་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་ལས་{མྱི་,མི་}གཡོའོ། །ཡིད་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་ལས་{མྱི་,མི་}གཡོའོ། །{མྱིག་,མིག་}གི་འདུས་ཏེ་རེག་པའི་ངོ་བོ་ཉིད་ལས་{མྱི་,མི་}
D8.024.0227a07.01