完整藏文原文 · 德格版页 当前仅加载第 24 函德格 290a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བའོ། །ཇི་ཙམ་དུ་འཁོར་བ་དེ་ཙམ་དུ་སེམས་ཅན་རྣམས་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་{མྱི་,མི་}བདེ་བ་དང་། འཁྲུག་པ་ལས་
D8.024.0290a01.01ཡོངས་སུ་{མྱི་,མི་}འགྲོལ་ལོ། །འདུ་ཤེས་ཐམས་ཅད་ཡིད་ལ་{མྱི་,མི་}བྱེད་པ་ནི་གཉིས་སུ་{མྱེད་,མེད་}པ་སྟེ། རབ་འབྱོར་རྣམ་གྲངས་དེས་ཀྱང་འདི་ལྟར་གཉིས་ཀྱི་འདུ་ཤེས་ཅན་ལ་སྦྱིན་པ་{མྱེད་,མེད་}པ་དང་། གཉིས་ཀྱི་འདུ་ཤེས་ཅན་ལ་ཚུལ་ཁྲིམས་{མྱེད་,མེད་}པ་དང་།
D8.024.0290a02.01གཉིས་ཀྱི་འདུ་ཤེས་ཅན་ལ་བཟོད་པ་{མྱེད་,མེད་}པ་དང་། གཉིས་ཀྱི་འདུ་ཤེས་ཅན་ལ་བརྩོན་འགྲུས་{མྱེད་,མེད་}པ་དང་། གཉིས་ཀྱི་འདུ་ཤེས་ཅན་ལ་བསམ་གཏན་{མྱེད་,མེད་}པ་དང་། གཉིས་ཀྱི་འདུ་ཤེས་ཅན་ལ་ཤེས་རབ་{མྱེད་,མེད་}པ་དང་། གཉིས་ཀྱི་འདུ་ཤེས་
D8.024.0290a03.01ཅན་ལ་ལམ་{མྱེད་,མེད་}པ་དང་། གཉིས་ཀྱི་འདུ་ཤེས་ཅན་ལ་འཐོབ་པ་{མྱེད་,མེད་}པ་དང་། གཉིས་ཀྱི་འདུ་ཤེས་ཅན་ལ་མངོན་པར་རྟོགས་པ་མེད་པར་རིག་པར་བྱའོ། །རབ་འབྱོར་གཉིས་ཀྱི་འདུ་ཤེས་ཅན་ལ་ནི་ཆུང་ངུ་ན་མཐུན་པའི་བཟོད་པ་ཡང་{མྱེད་,མེད་}
D8.024.0290a04.01ན། གཟུགས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཚོར་བ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། འདུ་ཤེས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། འདུ་བྱེད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད།
D8.024.0290a05.01རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། {མྱིག་,མིག་}ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རྣ་བ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སྣ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ལྕེ་ཡོངས་སུ་
D8.024.0290a06.01ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ལུས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཡིད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། གཟུགས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སྒྲ་ཡོངས་སུ་ཤེས་
D8.024.0290a07.01