完整藏文原文 · 德格版页 当前仅加载第 24 函德格 213a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་{མྱི་,མི་}འགྱུར་བ་དེ་ལྟར་སྤྱོད་དོ། །སྤོབས་པ་རྣམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་{མྱི་,མི་}འགྱུར་བ་དེ་ལྟར་སྤྱོད་དོ། །ཡི་གེ་མངོན་པར་བསྒྲུབ་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ།
D8.024.0213a01.01ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་{མྱི་,མི་}འགྱུར་བ་དེ་ལྟར་སྤྱོད་དོ། །ཡི་གེ་ལ་འཇུག་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་{མྱི་,མི་}འགྱུར་བ་དེ་ལྟར་སྤྱོད་དོ། །ཡི་གེ་{མྱེད་,མེད་}པ་ལ་འཇུག་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་
D8.024.0213a02.01གཉིས་སུ་{མྱི་,མི་}འགྱུར་བ་དེ་ལྟར་སྤྱོད་དོ། །གཟུངས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་{མྱི་,མི་}འགྱུར་བ་དེ་ལྟར་སྤྱོད་དོ། །འདུས་བྱས་ཀྱི་ཁམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་{མྱི་,མི་}འགྱུར་བ་དེ་ལྟར་
D8.024.0213a03.01སྤྱོད་དོ། །འདུས་མ་བྱས་ཀྱི་ཁམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་{མྱི་,མི་}འགྱུར་བ་དེ་ལྟར་སྤྱོད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི།
D8.024.0213a04.01བྱང་ཆུབ་ཏུ་སྤྱོད་པ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་སངས་རྒྱས་ཞེས་
D8.024.0213a05.01བགྱི་ན་སངས་རྒྱས་ཞེས་བགྱི་བ་དེ་གང་གི་ཚིག་{བླ་དགས་,བླ་དྭགས་}ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཡང་དག་པའི་དོན་ནི་སངས་རྒྱས་ཞེས་བྱ་སྟེ། རབ་འབྱོར་ཡང་འདི་ལྟར་དེས་ཡང་དག་པའི་ཆོས་མངོན་པར་རྫོགས་པར་སངས་
D8.024.0213a06.01རྒྱས་པས་དེའི་ཕྱིར་སངས་རྒྱས་ཞེས་བྱའོ། །དེས་ཡང་དག་པའི་དོན་རབ་ཏུ་རྟོགས་པས་དེའི་ཕྱིར་སངས་རྒྱས་ཞེས་བྱའོ། །རབ་འབྱོར་ཡང་འདི་ལྟར་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་པས་དེའི་ཕྱིར་སངས་རྒྱས་ཞེས་
D8.024.0213a07.01