完整藏文原文 · 德格版页 当前仅加载第 24 函德格 303b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
སྨིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། ཆོས་ཀྱི་འཁོར་ལོ་སྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་
D8.024.0303b01.01འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །ཤེས་རབ་ཀྱིས་མཐར་ཀྱིས་སྤྱོད་པ་རྩོམ་སྟེ། དེ་ཐམས་ཅད་ཀྱང་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་
D8.024.0303b02.01ངོ་བོ་ཉིད་{མྱེད་,མེད་}དོ།། །།ཤེས་རབ་ཀྱི་ཕ་{རོལད་,རོལ་}ཏུ་{ཕྱིནད་,ཕྱིན་}པ་སྟོང་ཕྲག་བརྒྱ་པ། བམ་པོ་{བཅྭོ་,བཅོ་}བརྒྱད་པ།། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །མཐར་ཀྱིས་སྤྱད་པ་དང་།
D8.024.0303b03.01མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་འཇུག་པ་ལ་སློབ་སྟེ། དེ་སེམས་དང་པོ་བསྐྱེད་པ་ཉིད་ཀྱི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཆོས་ཐམས་ཅད་དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་རྟོགས་པར་བྱེད་དེ། དེ་
D8.024.0303b04.01སངས་རྒྱས་རྗེས་སུ་དྲན་པ་སྒོམ་མོ། །ཆོས་རྗེས་སུ་དྲན་པ་སྒོམ་མོ། །དགེ་འདུན་རྗེས་སུ་དྲན་པ་སྒོམ་མོ། །ཚུལ་ཁྲིམས་རྗེས་སུ་དྲན་པ་སྒོམ་མོ། །གཏོང་བ་རྗེས་སུ་དྲན་པ་སྒོམ་མོ། །ལྷ་རྗེས་སུ་དྲན་པ་སྒོམ་མོ། །རབ་འབྱོར་ཇི་ལྟར་
D8.024.0303b05.01ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སངས་རྒྱས་རྗེས་སུ་དྲན་པ་སྒོམ་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
D8.024.0303b06.01རྒྱས་གཟུགས་སུ་ཡིད་ལ་{མྱི་,མི་}བྱེད། ཚོར་བར་ཡིད་ལ་{མྱི་,མི་}བྱེད། འདུ་ཤེས་སུ་ཡིད་ལ་{མྱི་,མི་}བྱེད། འདུ་བྱེད་དུ་ཡིད་ལ་{མྱི་,མི་}བྱེད། རྣམ་པར་ཤེས་པར་ཡིད་ལ་{མྱི་,མི་}བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། །དེ་ནི་འདི་ལྟར་གཟུགས་ལ་ངོ་བོ་ཉིད་{མྱེད་,མེད་}དེ།
D8.024.0303b07.01