藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 284a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

{མྱི་,མི་}འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་

D8.024.0284a01.01
2

བ་ལ། འདི་ནི་བདག་གོ་ཞེས་བྱ་བར་མཐའ་གཉིས་ལ་ཆགས་པར་གྱུར་པས། གང་མཐའ་གཉིས་ལ་ཆགས་པ་དེ་ལ་ནི་ཐར་པ་{མྱེད་,མེད་}དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོའི་འདུ་ཤེས་ཅན་ལ་ནི། སྦྱིན་པ་ཡང་{མྱེད,མེད}། ཚུལ་ཁྲིམས་ཀྱང་

D8.024.0284a02.01
3

{མྱེད,མེད}། བཟོད་པ་ཡང་{མྱེད,མེད}། བརྩོན་འགྲུས་ཀྱང་{མྱེད,མེད}། བསམ་གཏན་ཡང་{མྱེད,མེད}། ཤེས་རབ་ཀྱང་{མྱེད,མེད}། ལམ་ཡང་{མྱེད,མེད}། ཡེ་ཤེས་ཀྱང་{མྱེད,མེད}། འཐོབ་པ་ཡང་{མྱེད,མེད}། མངོན་པར་རྟོགས་པ་ཡང་{མྱེད,མེད}། མཐུན་པའི་བཟོད་པ་ཡང་མེད།

D8.024.0284a03.01
4

གཟུགས་ཀྱང་ཡོངས་སུ་ཤེས་པ་{མྱེད,མེད}། ཚོར་བ་ཡང་ཡོངས་སུ་ཤེས་པ་{མྱེད,མེད}། འདུ་ཤེས་ཀྱང་ཡོངས་སུ་ཤེས་པ་{མྱེད,མེད}། འདུ་བྱེད་ཀྱང་ཡོངས་སུ་ཤེས་པ་{མྱེད,མེད}། རྣམ་པར་ཤེས་པ་ཡང་ཡོངས་སུ་ཤེས་པ་{མྱེད,མེད}། མིག་ཀྱང་ཡོངས་སུ་

D8.024.0284a04.01
5

ཤེས་པ་{མྱེད,མེད}། རྣ་བ་ཡང་ཡོངས་སུ་ཤེས་པ་{མྱེད,མེད}། སྣ་ཡང་ཡོངས་སུ་ཤེས་པ་{མྱེད,མེད}། ལྕེ་ཡང་ཡོངས་སུ་ཤེས་པ་{མྱེད,མེད}། ལུས་ཀྱང་ཡོངས་སུ་ཤེས་པ་{མྱེད,མེད}། ཡིད་ཀྱང་ཡོངས་སུ་ཤེས་པ་{མྱེད,མེད}། གཟུགས་ཀྱང་ཡོངས་སུ་ཤེས་པ་

D8.024.0284a05.01
6

{མྱེད,མེད}། སྒྲ་ཡང་ཡོངས་སུ་ཤེས་པ་{མྱེད,མེད}། དྲི་ཡང་ཡོངས་སུ་ཤེས་པ་{མྱེད,མེད}། རོ་ཡང་ཡོངས་སུ་ཤེས་པ་{མྱེད,མེད}། རེག་ཀྱང་ཡོངས་སུ་ཤེས་པ་{མྱེད,མེད}། ཆོས་ཀྱང་ཡོངས་སུ་ཤེས་པ་{མྱེད,མེད}། {མྱིག་,མིག་}གི་རྣམ་པར་ཤེས་པ་ཡང་ཡོངས་སུ་ཤེས་

D8.024.0284a06.01
7

པ་{མྱེད,མེད}། རྣ་བའི་རྣམ་པར་ཤེས་པ་ཡང་ཡོངས་སུ་ཤེས་པ་{མྱེད,མེད}། སྣའི་རྣམ་པར་ཤེས་པ་ཡང་ཡོངས་སུ་ཤེས་པ་{མྱེད,མེད}། ལྕེའི་རྣམ་པར་ཤེས་པ་ཡང་ཡོངས་སུ་ཤེས་པ་{མྱེད,མེད}། ལུས་ཀྱི་རྣམ་པར་ཤེས་པ་ཡང་ཡོངས་སུ་ཤེས་

D8.024.0284a07.01