完整藏文原文 · 德格版页 当前仅加载第 24 函德格 134b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
གཟུངས་ཀྱི་སྒོ་རྣམས་ནི་གདགས་སུ་{མྱེད་,མེད་}པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་གདགས་སུ་{མྱེད་,མེད་}པའོ། །མི་འཇིགས་པ་བཞི་ནི་གདགས་སུ་{མྱེད་,མེད་}པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་གདགས་སུ་{མྱེད་,མེད་}པའོ། །བྱམས་པ་ཆེན་པོ་ནི་གདགས་སུ་{མྱེད་,མེད་}པའོ། །སྙིང་རྗེ་
D8.024.0134b01.01ཆེན་པོ་ནི་གདགས་སུ་{མྱེད་,མེད་}པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ནི་གདགས་སུ་{མྱེད་,མེད་}པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་གདགས་སུ་{མྱེད་,མེད་}པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་གདགས་སུ་{མྱེད་,མེད་}པའོ། །ཕྱིར་{མྱི་,མི་}འོང་བའི་འབྲས་བུ་
D8.024.0134b02.01ནི་གདགས་སུ་{མྱེད་,མེད་}པའོ། །དགྲ་བཅོམ་པ་ཉིད་ནི་གདགས་སུ་{མྱེད་,མེད་}པའོ། །རང་བྱང་ཆུབ་ནི་གདགས་སུ་{མྱེད་,མེད་}པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་གདགས་སུ་མེད་པའོ། །བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་གདགས་སུ་{མྱེད་,མེད་}པའོ། །
D8.024.0134b03.01འདུས་བྱས་སམ། འདུས་མ་བྱས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ། སངས་རྒྱས་ཀྱི་ཆོས་ཀྱང་རུང་སྟེ། ཆོས་ཐམས་ཅད་ནི་གདགས་སུ་{མྱེད་,མེད་}པའོ། །གསོལ་པ། བཅོམ་
D8.024.0134b04.01ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་གདགས་སུ་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་ཅིའི་སླད་དུ་སེམས་ཅན་དམྱལ་བ་མཆིས་པར་འགྱུར། བྱོལ་སོང་གི་སྐྱེ་གནས་མཆིས་པར་འགྱུར། གཤིན་རྗེའི་འཇིག་རྟེན་མཆིས་པར་འགྱུར། ལྷ་མཆིས་
D8.024.0134b05.01པར་འགྱུར། {མྱི་,མི་}མཆིས་པར་འགྱུར། རྒྱུན་ཏུ་ཞུགས་པ་མཆིས་པར་འགྱུར། ལན་ཅིག་ཕྱིར་འོང་བ་མཆིས་པར་འགྱུར། ཕྱིར་མི་འོང་བ་མཆིས་པར་འགྱུར། དགྲ་བཅོམ་པ་མཆིས་པར་འགྱུར། རང་སངས་རྒྱས་མཆིས་པར་འགྱུར། བྱང་ཆུབ་སེམས་དཔའ་མཆིས་
D8.024.0134b06.01པར་འགྱུར། ཡང་དག་པར་རྫོགས་པའི་སངས་རྒྱས་མཆིས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་ཅན་དུ་གདགས་པ་{དམྱིགས་,དམིགས་}སུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །
D8.024.0134b07.01