完整藏文原文 · 德格版页 当前仅加载第 24 函德格 298b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་{མྱི་,མི་}འགྱུར་ཏེ། རབ་འབྱོར་འདི་ལྟར་མངོན་པར་ཤེས་པ་རྣམས་ལ་དངོས་པོ་{མྱེད་,མེད་}དེ། ངོ་བོ་ཉིད་{མྱེད་,མེད་}པ་གཞན་གྱི་དངོས་པོ་{མྱེད་,མེད་}པ་སྟེ། གཞན་དུ་ན་དངོས་པོ་{མྱེད་,མེད་}པའི་
D8.024.0298b01.01ངོ་བོ་ཉིད་ཡིན་པས། དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མངོན་པར་ཤེས་པ་ཐམས་ཅད་དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་དུ་ཐུགས་སུ་ཆུད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་
D8.024.0298b02.01བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ་
D8.024.0298b03.01བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔས། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ན། བཅོམ་ལྡན་འདས་དེ་ཅིའི་སླད་དུ། ཆོས་ཐམས་ཅད་དངོས་པོ་མ་
D8.024.0298b04.01མཆིས་པའི་ངོ་བོ་ཉིད་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐར་ཀྱིས་སྤྱོད་པ་དང་། མཐར་ཀྱིས་སློབ་པ་དང་། མཐར་ཀྱིས་ནན་ཏན་དུ་བགྱི་བ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
D8.024.0298b05.01བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་མཐར་ཀྱིས་སྤྱོད་པ་དང་། མཐར་ཀྱིས་སློབ་པ་དང་། མཐར་ཀྱིས་ནན་ཏན་དུ་བགྱི་བ་མཆིས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་
D8.024.0298b06.01འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཐོག་མར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བའི་དགྲ་
D8.024.0298b07.01