完整藏文原文 · 德格版页 当前仅加载第 24 函德格 185a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བཅོམ་ལྡན་འདས་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡོད་པར་{མྱི་,མི་}འགྱུར། རང་སངས་རྒྱས་རྣམས་ཀྱང་འཇིག་རྟེན་དུ་འབྱུང་བར་{མྱི་,མི་}འགྱུར། དགྲ་བཅོམ་པ་རྣམས་དང་། ཕྱིར་{མྱི་,མི་}འོང་བ་རྣམས་དང་།
D8.024.0185a01.01ལན་ཅིག་ཕྱིར་འོང་བ་རྣམས་དང་། རྒྱུན་ཏུ་ཞུགས་པ་རྣམས་ཀྱང་འཇིག་རྟེན་ཏུ་འབྱུང་བར་{མྱི་,མི་}འགྱུར། སེམས་ཅན་དམྱལ་བ་ཐམས་ཅད་ཀྱང་རྒྱུན་འཆད་པར་{མྱི་,མི་}འགྱུར། བྱོལ་སོང་གི་སྐྱེ་གནས་ཐམས་ཅད་ཀྱང་རྒྱུན་འཆད་པར་{མྱི་,མི་}འགྱུར། གཤིན་རྗེའི་
D8.024.0185a02.01འཇིག་རྟེན་ཐམས་ཅད་ཀྱང་རྒྱུན་འཆད་པར་{མྱི་,མི་}འགྱུར། འདོད་པའི་ཁམས་ཐམས་ཅད་ཀྱང་རྒྱུན་འཆད་པར་{མྱི་,མི་}འགྱུར། གཟུགས་ཀྱི་ཁམས་ཐམས་ཅད་ཀྱང་རྒྱུན་འཆད་པར་{མྱི་,མི་}འགྱུར། གཟུགས་{མྱེད་,མེད་}པའི་ཁམས་ཐམས་ཅད་ཀྱང་རྒྱུན་འཆད་པར་{མྱི་,མི་}འགྱུར་
D8.024.0185a03.01རོ། །རབ་འབྱོར་དེ་བས་ན་གང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བྱའོ། །ཞེས་ཟེར་བ་དེ་ནི་རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་
D8.024.0185a04.01དཔའ་ཆེན་པོ་ནི། དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་ཉིད་གང་གིས་དེ་བཞིན་གཤེགས་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་རང་སངས་རྒྱས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་
D8.024.0185a05.01འཕགས་པ་ཐམས་ཅད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་གཟུགས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཚོར་བར་གདགས་པ་དང་། དེ་བཞིན་ཉིད་གང་གིས་འདུ་ཤེས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་འདུ་བྱེད་དུ་
D8.024.0185a06.01གདགས་པ་དང་། དེ་བཞིན་ཉིད་གང་གིས་རྣམ་པར་ཤེས་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་{མྱིག་,མིག་}དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྣ་བར་གདགས་པ་དང་། དེ་བཞིན་ཉིད་གང་གིས་སྣར་གདགས་པ་དང་། དེ་བཞིན་
D8.024.0185a07.01