藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 219b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པའི་བདེན་པ་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་{མྱི་,མི་}འཕེལ་བ་དང་། བསམ་གཏན་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་{མྱི་,མི་}འཕེལ་བ་དང་། ཚད་{མྱེད་,མེད་}པ་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་{མྱི་,མི་}

D8.024.0219b01.01
2

འཕེལ་བ་དང་། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མི་འཕེལ་བ་དང་། རྣམ་པར་ཐར་པ་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་{མྱི་,མི་}འཕེལ་བ་དང་། མཐར་ཀྱིས་གནས་པའི་

D8.024.0219b02.01
3

སྙོམས་པར་འཇུག་པ་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་{མྱི་,མི་}འཕེལ་བ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་{མྱི་,མི་}འཕེལ་བ་དང་།

D8.024.0219b03.01
4

མངོན་པར་ཤེས་པ་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་{མྱི་,མི་}འཕེལ་བ་དང་། ཏིང་ངེ་འཛིན་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་{མྱི་,མི་}འཕེལ་བ་དང་། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་

D8.024.0219b04.01
5

པར་{མྱི་,མི་}འཕེལ་བ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་{མྱི་,མི་}འཕེལ་བ་དང་། {མྱི་,མི་}འཇིགས་པ་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་{མྱི་,མི་}འཕེལ་བ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་

D8.024.0219b05.01
6

ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་{མྱི་,མི་}འཕེལ་བ་དང་། བྱམས་པ་ཆེན་པོ་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་{མྱི་,མི་}འཕེལ་བ་དང་། སྙིང་རྗེ་ཆེན་པོ་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་{མྱི་,མི་}འཕེལ་བ་དང་། སངས་རྒྱས་ཀྱི་ཆོས་

D8.024.0219b06.01
7

མ་འདྲེས་པ་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་{མྱི་,མི་}འཕེལ་བ་དང་། ཐམས་ཅད་ཤེས་པ་ཉིད་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་{མྱི་,མི་}འཕེལ་བ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་

D8.024.0219b07.01