完整藏文原文 · 德格版页 当前仅加载第 24 函德格 307b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཟག་པ་{མྱེད་,མེད་}པའི་ཆོས་ཡིད་ལ་{མྱི་,མི་}བྱེད། འདོད་པའི་ཁམས་སུ་གཏོགས་པའི་ཆོས་ཡིད་ལ་{མྱི་,མི་}བྱེད། གཟུགས་ཀྱི་ཁམས་སུ་གཏོགས་པའི་ཆོས་ཡིད་ལ་{མྱི་,མི་}བྱེད། གཟུགས་{མྱེད་,མེད་}པའི་ཁམས་སུ་གཏོགས་པའི་ཆོས་ཡིད་ལ་མི་བྱེད། འདུས་
D8.024.0307b01.01བྱས་ཀྱི་ཆོས་ཡིད་ལ་{མྱི་,མི་}བྱེད། འདུས་མ་བྱས་ཀྱི་ཆོས་ཡིད་ལ་{མྱི་,མི་}བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་དེ་དག་ལ་ངོ་བོ་ཉིད་{མྱེད་,མེད་}དེ། གང་ལ་ངོ་བོ་ཉིད་{མྱེད་,མེད་}པ་དེ་དག་ནི་དངོས་པོ་{མྱེད་,མེད་}པའོ། །དངོས་པོ་{མྱེད་,མེད་}པས་ནི་དངོས་པོ་{མྱེད་,མེད་}པ་དྲན་པར་{མྱི་,མི་}
D8.024.0307b02.01ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲན་པ་{མྱེད་,མེད་}ཅིང་ཡིད་ལ་བྱ་བ་{མྱེད་,མེད་}པ་ནི། ཆོས་རྗེས་སུ་དྲན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་ལ། ཤེས་རབ་ཀྱི་
D8.024.0307b03.01ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཆོས་རྗེས་སུ་དྲན་པ་བསྒོམ་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐར་ཀྱིས་སྤྱད་པ་དང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་འཇུག་པའི་ལམ་ཡོད་པ་ཡིན་ཏེ།
D8.024.0307b04.01བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མཐར་ཀྱིས་སྤྱད་པ་ལ་སློབ་ཅིང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་འཇུག་པའི་ལམ་ལ་སློབ་པས། དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་
D8.024.0307b05.01རྫོགས་པར་བྱེད་དོ། །དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །
D8.024.0307b06.01དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་
D8.024.0307b07.01