藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 34b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ལ་མི་བགྱི། སོ་སོ་ཡང་དག་པར་རིག་པ་བཞི་ཡིད་ལ་{མྱི་,མི་}བགྱི། སྙིང་རྗེ་ཆེན་པོ་ཡིད་ལ་{མྱི་,མི་}བགྱི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ཡིད་ལ་{མྱི་,མི་}བགྱི། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡིད་ལ་མི་བགྱི། ལན་ཅིག་ཕྱིར་འོང་བའི་འབྲས་

D8.024.0034b01.01
2

བུ་ཡིད་ལ་{མྱི་,མི་}བགྱི། ཕྱིར་མི་འོང་བའི་འབྲས་བུ་ཡིད་ལ་{མྱི་,མི་}བགྱི། དགྲ་བཅོམ་པ་ཉིད་ཡིད་ལ་{མྱི་,མི་}བགྱི། རང་བྱང་ཆུབ་ཡིད་ལ་{མྱི་,མི་}བགྱི། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡིད་ལ་{མྱི་,མི་}བགྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་{མྱི་,མི་}བགྱི་ན།

D8.024.0034b02.01
3

འོ་ན་བཅོམ་ལྡན་འདས་གཟུགས་ཡིད་ལ་མ་བགྱིས། ཚོར་བ་ཡིད་ལ་མ་བགྱིས། འདུ་ཤེས་ཡིད་ལ་མ་བགྱིས། འདུ་བྱེད་ཡིད་ལ་མ་བགྱིས། རྣམ་པར་ཤེས་པ་ཡིད་ལ་མ་བགྱིས། {མྱིག་,མིག་}ཡིད་ལ་མ་བགྱིས། རྣ་བ་ཡིད་ལ་མ་བགྱིས།

D8.024.0034b03.01
4

སྣ་ཡིད་ལ་མ་བགྱིས། ལྕེ་ཡིད་ལ་མ་བགྱིས། ལུས་ཡིད་ལ་མ་བགྱིས། ཡིད་ཡིད་ལ་མ་བགྱིས། གཟུགས་ཡིད་ལ་མ་བགྱིས། སྒྲ་ཡིད་ལ་མ་བགྱིས། དྲི་ཡིད་ལ་མ་བགྱིས། རོ་ཡིད་ལ་མ་བགྱིས། རེག་ཡིད་ལ་མ་བགྱིས། ཆོས་ཡིད་

D8.024.0034b04.01
5

ལ་མ་བགྱིས། {མྱིག་,མིག་}གི་རྣམ་པར་ཤེས་པ་ཡིད་ལ་མ་བགྱིས། རྣ་བའི་རྣམ་པར་ཤེས་པ་ཡིད་ལ་མ་བགྱིས། སྣའི་རྣམ་པར་ཤེས་པ་ཡིད་ལ་མ་བགྱིས། ལྕེའི་རྣམ་པར་ཤེས་པ་ཡིད་ལ་མ་བགྱིས། ལུས་ཀྱི་རྣམ་པར་ཤེས་པ་ཡིད་ལ་མ་

D8.024.0034b05.01
6

བགྱིས། ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ལ་མ་བགྱིས། {མྱིག་,མིག་}གི་འདུས་ཏེ་རེག་པ་ཡིད་ལ་མ་བགྱིས། རྣ་བའི་འདུས་ཏེ་རེག་པ་ཡིད་ལ་མ་བགྱིས། སྣའི་འདུས་ཏེ་རེག་པ་ཡིད་ལ་མ་བགྱིས། ལྕེའི་འདུས་ཏེ་རེག་པ་ཡིད་ལ་མ་བགྱིས། ལུས་ཀྱི་འདུས་

D8.024.0034b06.01
7

ཏེ་རེག་པ་ཡིད་ལ་མ་བགྱིས། ཡིད་ཀྱི་འདུས་ཏེ་རེག་པ་ཡིད་ལ་མ་བགྱིས། {མྱིག་,མིག་}གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མ་བགྱིས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མ་བགྱིས། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་

D8.024.0034b07.01