藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 403b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

{མྱེད་,མེད་}པ། དབང་དུ་གྱུར་པ། མཁས་པས་བསྔགས་པ། ཤིན་ཏུ་རྫོགས་པ། འཕགས་པར་གྱུར་པ། ཟག་པ་{མྱེད་,མེད་}པ། ལམ་གྱི་ཁོངས་སུ་ཆུད་པ། འཇིག་རྟེན་ལས་འདས་པ། ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་གནས་ཤིང་ཡང་དག་པར་བླང་བའི་

D8.024.0403b01.01
2

བརྡ་དང་ལྡན་པའི་ཚུལ་ཁྲིམས་དང་། ཆོས་ཉིད་ཀྱིས་ཐོབ་པའི་ཚུལ་ཁྲིམས་དང་། སྡོམ་པའི་ཚུལ་ཁྲིམས་དང་། {དམྱིགས་,དམིགས་}པའི་ཚུལ་ཁྲིམས་དང་། སྤྱད་པའི་ཚུལ་ཁྲིམས་དང་། {མྱི་,མི་}སྤྱད་པའི་ཚུལ་ཁྲིམས་སྲུང་ངོ་། །དེ་ཚུལ་ཁྲིམས་དེ་ལྟ་བུ་དང་

D8.024.0403b02.01
3

ལྡན་ཡང་འདིས་བདག་རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་དང་སྐལ་བ་མཉམ་པ་འམ། བྲམ་ཟེ་ཆེ་ཞིང་མཐོ་བའི་རིགས་དང་སྐལ་བ་མཉམ་པ་འམ། ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་དང་སྐལ་བ་མཉམ་པར་སྐྱེ་བར་བྱའོ་ཞེ་འམ། རྒྱལ་ཕྲན་

D8.024.0403b03.01
4

ནམ། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བར་བྱའོ་ཞེའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་བྱའོ་ཞེ་བའམ། སུམ་ཅུ་རྩ་གསུམ་མམ། མཚེ་མ་འམ། དགའ་ལྡན་ནམ། འཕྲུལ་དགའ་འམ། གཞན་འཕྲུལ་དབང་

D8.024.0403b04.01
5

བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་བྱའོ་ཞེ་འམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་བྱའོ་ཞེ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་{མྱི་,མི་}འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། བྱང་

D8.024.0403b05.01
6

ཆུབ་ཐོབ་པར་བྱའོ་ཞེས་ཚུལ་ཁྲིམས་དེས་སྙེམས་པ་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་མཚན་ཉིད་{མྱེད་,མེད་}པ་སྟེ། འདི་ལྟར་དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་མཚན་ཉིད་གཅིག་པས་ན་མཚན་ཉིད་{མྱེད་,མེད་}པའི་ཆོས་ཀྱིས་

D8.024.0403b06.01
7

མཚན་ཉིད་{མྱེད་,མེད་}པའི་ཆོས་ཐོབ་པར་{མྱི་,མི་}རུང་ངོ་། །མཚན་ཉིད་ཐ་དད་པའི་ཆོས་ཀྱིས་ཀྱང་མཚན་ཉིད་ཐ་དད་པའི་ཆོས་ཐོབ་པར་{མྱི་,མི་}རུང་ངོ་། །མཚན་ཉིད་ཐ་དད་པ་འམ། མཚན་ཉིད་{མྱེད་,མེད་}པའི་ཆོས་ཀྱིས་ཀྱང་། མཚན་ཉིད་ཐ་དད་པ་འམ། མཚན་ཉིད་

D8.024.0403b07.01