藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 148a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ལམ་གྱི་རྣམ་པ་ཤེས་པ་ཉིད་སྒོམ་པའི་ཚེ། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་བསྒོམ་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒོམ་པའི་ཚེ། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། རྣམ་པ་ཐམས་

D8.024.0148a01.01
2

ཅད་མཁྱེན་པ་ཉིད་བསྒོམ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན། {དམྱིགས་,དམིགས་}པར་འགྱུར། ཇི་ཙམ་གྱིས་ན་{མྱི་,མི་}{དམྱིགས་,དམིགས་}པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ཙམ་དུ་གཉིས་པ་དེ་ཙམ་དུ་{དམྱིགས་,དམིགས་}པ་སྟེ།

D8.024.0148a02.01
3

གཉིས་སུ་མེད་པ་ནི་{མྱི་,མི་}{དམྱིགས་,དམིགས་}པའོ། །གསོལ་པ། བཅོམ་ལྡན་འདས་གཉིས་ཤེས་བྱ་བ་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ཙམ་དུ་{མྱིག་,མིག་}དང་། གཟུགས་དང་། ཇི་ཙམ་དུ་རྣ་བ་དང་། སྒྲ་དང་། ཇི་ཙམ་དུ་སྣ་དང་དྲི་

D8.024.0148a03.01
4

དང་། ཇི་ཙམ་དུ་ལྕེ་དང་རོ་དང་། ཇི་ཙམ་དུ་ལུས་དང་རེག་དང་། ཇི་ཙམ་དུ་ཡིད་དང་ཆོས་དང་། ཇི་ཙམ་དུ་གཟུགས་དང་། གཟུགས་ཅན་དང་། ཇི་ཙམ་དུ་ཚོར་བ་དང་། ཚོར་བ་པོ་དང་། ཇི་ཙམ་དུ་འདུ་ཤེས་དང་། འདུ་ཤེས་ཅན་དང་། ཇི་ཙམ་དུ་འདུ་

D8.024.0148a04.01
5

བྱེད་དང་། འདུ་བྱེད་པ་དང་། ཇི་ཙམ་དུ་རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པར་བྱེད་པ་དང་། ཇི་ཙམ་དུ་{མྱིག་,མིག་}གི་རྣམ་པར་ཤེས་པ་དང་། {མྱིག་,མིག་}གི་རྣམ་པར་ཤེས་པ་ཅན་དང་། ཇི་ཙམ་དུ་རྣ་བའི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་ཅན་དང་། ཇི་

D8.024.0148a05.01
6

ཙམ་དུ་སྣའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་ཅན་དང་། ཇི་ཙམ་དུ་ལྕེའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་ཅན་དང་། ཇི་ཙམ་དུ་ལུས་ཀྱི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་ཅན་དང་། ཇི་ཙམ་དུ་ཡིད་ཀྱི་རྣམ་པར་ཤེས་པ་དང་།

D8.024.0148a06.01
7

ཡིད་ཀྱི་རྣམ་པར་ཤེས་པ་ཅན་དང་། ཇི་ཙམ་དུ་{མྱིག་,མིག་}གི་འདུས་ཏེ་རེག་པ་དང་། {མྱིག་,མིག་}གི་འདུས་ཏེ་རེག་པ་ཅན་དང་། ཇི་ཙམ་དུ་རྣ་བའི་འདུས་ཏེ་རེག་པ་དང་། རྣ་བའི་འདུས་ཏེ་རེག་པ་ཅན་དང་། ཇི་ཙམ་དུ་སྣའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་ཅན་དང་། ཇི་ཙམ་

D8.024.0148a07.01