完整藏文原文 · 德格版页 当前仅加载第 24 函德格 150a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
སྨོན་པ་{མྱེད་,མེད་}པ་སྒོམ་པ་དང་། ཇི་ཙམ་དུ་མངོན་པར་ཤེས་པ་རྣམས་དང་། མངོན་པར་ཤེས་པ་རྣམས་སྒོམ་པ་དང་། ཇི་ཙམ་དུ་ཏིང་ངེ་འཛིན་རྣམས་དང་། ཏིང་ངེ་འཛིན་རྣམས་སྒོམ་པ་དང་། ཇི་ཙམ་དུ་གཟུངས་ཀྱི་སྒོ་རྣམས་དང་།
D8.024.0150a01.01གཟུངས་ཀྱི་སྒོ་རྣམས་སྒོམ་པ་དང་། ཇི་ཙམ་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་སྒོམ་པ་དང་། ཇི་ཙམ་དུ་མི་འཇིགས་པ་བཞི་དང་། {མྱི་,མི་}འཇིགས་པ་བཞི་སྒོམ་པ་དང་། ཇི་ཙམ་དུ་སོ་སོ་ཡང་དག་པར་རིག་པ་
D8.024.0150a02.01བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་སྒོམ་པ་དང་། ཇི་ཙམ་དུ་བྱམས་པ་ཆེན་པོ་དང་། བྱམས་པ་ཆེན་པོ་སྒོམ་པ་དང་། ཇི་ཙམ་དུ་སྙིང་རྗེ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་སྒོམ་པ་དང་། ཇི་ཙམ་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་དང་།
D8.024.0150a03.01སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་སྒོམ་པ་དང་། ཇི་ཙམ་དུ་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། རྒྱུན་ཏུ་ཞུགས་པ་དང་། ཇི་ཙམ་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བ་དང་། ཇི་ཙམ་དུ་ཕྱིར་{མྱི་,མི་}འོང་བའི་འབྲས་བུ་དང་།
D8.024.0150a04.01ཕྱིར་མི་འོང་བ་དང་། ཇི་ཙམ་དུ་དགྲ་བཅོམ་པ་ཉིད་དང་། དགྲ་བཅོམ་པ་དང་། ཇི་ཙམ་དུ་རང་བྱང་ཆུབ་དང་། རང་སངས་རྒྱས་དང་། ཇི་ཙམ་དུ་ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། བྱང་ཆུབ་སེམས་དཔའ་དང་། ཇི་ཙམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
D8.024.0150a05.01བྱང་ཆུབ་དང་། སངས་རྒྱས་ཏེ། རབ་འབྱོར་འདི་དག་ནི་གཉིས་སོ། །གསོལ་པ། བཅོམ་ལྡན་འདས་གཉིས་སུ་མ་མཆིས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། {མྱིག་,མིག་}དང་གཟུགས་{མྱེད་,མེད་}པ་དང་། རྣ་བ་དང་སྒྲ་{མྱེད་,མེད་}པ་དང་།
D8.024.0150a06.01སྣ་དང་དྲི་{མྱེད་,མེད་}པ་དང་། ལྕེ་དང་རོ་{མྱེད་,མེད་}པ་དང་། ལུས་དང་རེག་{མྱེད་,མེད་}པ་དང་། ཡིད་དང་ཆོས་{མྱེད་,མེད་}པ་དང་། གཟུགས་དང་གཟུགས་ཅན་{མྱེད་,མེད་}པ་དང་། ཚོར་བ་དང་ཚོར་བ་པོ་{མྱེད་,མེད་}པ་དང་། འདུ་ཤེས་དང་། འདུ་ཤེས་ཅན་{མྱེད་,མེད་}པ་དང་། འདུ་བྱེད་དང་འདུ་བྱེད་པ་{མྱེད་,མེད་}
D8.024.0150a07.01