完整藏文原文 · 德格版页 当前仅加载第 24 函德格 255b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པའི་ཤེས་རབ་ཀྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤུལ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིས་ཏེ། བྱང་ཆུབ་སེམས་
D8.024.0255b01.01དཔའི་སྐྱོན་མ་མཆིས་པར་འཇུག་པར་བགྱིས་ན། བཅོམ་ལྡན་འདས་འདི་ལྟར་བརྒྱད་པའི་ཤུལ་ཡང་གཞན། རྒྱུན་ཏུ་ཞུགས་པའི་ཤུལ་ཡང་གཞན། ལན་ཅིག་ཕྱིར་འོང་བར་ཞུགས་པའི་ཤུལ་ཡང་གཞན། ལན་ཅིག་ཕྱིར་འོང་བའི་ཤུལ་ཡང་
D8.024.0255b02.01གཞན། ཕྱིར་{མྱི་,མི་}འོང་བར་ཞུགས་པའི་ཤུལ་ཡང་གཞན། ཕྱིར་{མྱི་,མི་}འོང་བའི་ཤུལ་ཡང་གཞན། དགྲ་བཅོམ་པར་ཞུགས་པའི་ཤུལ་ཡང་གཞན། དགྲ་བཅོམ་པའི་ཤུལ་ཡང་གཞན། རང་སངས་རྒྱས་ཀྱི་ཤུལ་ཡང་གཞན། དེ་བཞིན་གཤེགས་པ་
D8.024.0255b03.01དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཤུལ་ཡང་གཞན་ཏེ། བཅོམ་ལྡན་འདས་གལ་ཏེ་ཤུལ་དེ་དག་གཞན་དང་གཞན་ན། ཇི་ལྟར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤུལ་ཐམས་ཅད་ཡོངས་སུ་རྫོགས་
D8.024.0255b04.01པར་བགྱིས་ཏེ། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པར་བགྱི། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤུལ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་
D8.024.0255b05.01ཆེན་པོ་དེ་དག་བརྒྱད་པའི་ཤུལ་བསྒྲུབས་ཤིང་། བརྒྱད་པར་{མྱི་,མི་}གྱུར་ཏམ། མཐོང་བའི་ཤུལ་བསྒྲུབས་ཤིང་། རྒྱུན་ཏུ་ཞུགས་པར་{མྱི་,མི་}གྱུར་ཏམ། བསྒོམ་པའི་ཤུལ་བསྒྲུབས་ཤིང་། ལན་ཅིག་ཕྱིར་འོང་བར་ཞུགས་པ་འམ། ལན་ཅིག་ཕྱིར་འོང་བར་
D8.024.0255b06.01{མྱི་,མི་}གྱུར་ཏམ། ཕྱིར་{མྱི་,མི་}འོང་བར་ཞུགས་པ་འམ། ཕྱིར་{མྱི་,མི་}འོང་བར་{མྱི་,མི་}གྱུར་ཏམ། དགྲ་བཅོམ་པར་ཞུགས་པ་འམ། དགྲ་བཅོམ་པར་{མྱི་,མི་}གྱུར་ཏམ། རང་སངས་རྒྱས་ཀྱི་ཤུལ་བསྒྲུབས་ཤིང་། རང་སངས་རྒྱས་སུ་{མྱི་,མི་}འགྱུར་ཏམ། བཅོམ་ལྡན་
D8.024.0255b07.01