完整藏文原文 · 德格版页 当前仅加载第 24 函德格 176a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དེ་དག་ལ་ཕྱི་མའི་མཐའ་གདགས་པ་ཡིན་ཏེ། རབ་འབྱོར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་སྔོན་གྱི་མཐའ་ཡང་མི་{དམྱིགས་,དམིགས་}ན། ཕྱི་མའི་མཐའ་{དམྱིགས་,དམིགས་}པར་འགྱུར་བ་ལྟ་ག་ལ་ཡོད་དེ་གནས་{མྱེད་,མེད་}དོ། །རབ་
D8.024.0176a01.01འབྱོར་སེམས་ཅན་དེ་དག་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པར་{མྱི་,མི་}ཤེས་པས། དེ་དག་ལ་འདི་སྐད་དུ། འདི་ནི་སྔོན་གྱི་མཐའ་ཞེས་བྱ་བའོ། །འདི་ནི་ཕྱི་མའི་མཐའ་ཞེས་བྱ་བའོ་ཞེས་བསྟན་ཏེ། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་
D8.024.0176a02.01ཅད་ལ་སྔོན་གྱི་མཐའ་འམ་ཕྱི་མའི་མཐའ་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །རབ་འབྱོར་དེ་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱས་ཏེ། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་
D8.024.0176a03.01ལ་སྤྱད་ན་ནང་ངམ། ཕྱིའི་ཆོས་སམ། འདུས་བྱས་སམ། འདུས་མ་བྱས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། སངས་རྒྱས་ཀྱི་ཆོས་གང་ལ་ཡང་མངོན་པར་ཆགས་པར་{མྱི་,མི་}འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་
D8.024.0176a04.01པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི། བཅོམ་
D8.024.0176a05.01ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་པ་ཐོབ་པ་ཡིན་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་
D8.024.0176a06.01ཏུ་ཕྱིན་པ་འདིས་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར།
D8.024.0176a07.01