完整藏文原文 · 德格版页 当前仅加载第 24 函德格 364a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
རྫོགས་པར་བྱེད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་{མྱེད་,མེད་}པ་དང་། བྱེད་པ་{མྱེད་,མེད་}པ་དང་། {དམྱིགས་,དམིགས་}སུ་{མྱེད་,མེད་}
D8.024.0364a01.01པ་དང་། འབྱུང་བ་{མྱེད་,མེད་}པ་དང་། མངོན་པར་འདུ་བྱ་བ་{མྱེད་,མེད་}པ་ལ་མཚན་མ་དང་བྲལ་བའི་སེམས་ཀྱིས། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་མ་གཏོགས་
D8.024.0364a02.01པར་ཏིང་ངེ་འཛིན་གཞན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། །དེ་འདོད་པས་དབེན། སྡིག་ཏོ་{མྱི་,མི་}དགེ་བའི་ཆོས་ཀྱིས་དབེན་པ་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་
D8.024.0364a03.01བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་{མྱེད་,མེད་}པ། དཔྱོད་པ་{མྱེད་,མེད་}པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་
D8.024.0364a04.01གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས། དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་
D8.024.0364a05.01ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་{མྱེད་,མེད་}པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས་སྡུག་བསྔལ་བ་ཡང་སྤངས་ཤིང་ཡིད་བདེ་བ་དང་། །ཡིད་{མྱི་,མི་}བདེ་བ་སྔ་ནས་ཀྱང་ནུབ་
D8.024.0364a06.01པས། བདེ་བ་ཡང་{མྱེད་,མེད་}སྡུག་བསྔལ་བ་{མྱེད་,མེད་}པ་བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བྱམས་པ་དང་ལྡན་པའི་སེམས་དང་། སྙིང་རྗེ་དང་ལྡན་པའི་སེམས་དང་། དགའ་བ་དང་
D8.024.0364a07.01