藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 170a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འདི་དག་ནི་ཚད་{མྱེད་,མེད་}པ་རྣམས་སོ། །འདི་ནི་ཚད་{མྱེད་,མེད་}པ་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་{མྱི་,མི་}བྱའོ། །འདི་དག་ནི་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་སོ། །འདི་ནི་གཟུགས་མེད་པའི་སྙོམས་པར་འཇུག་

D8.024.0170a01.01
2

པ་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་{མྱི་,མི་}བྱའོ། །འདི་དག་ནི་རྣམ་པར་ཐར་པ་བརྒྱད་དོ། །འདི་ནི་རྣམ་པར་ཐར་པ་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་{མྱི་,མི་}བྱའོ། །འདི་དག་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །

D8.024.0170a02.01
3

འདི་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་{མྱི་,མི་}བྱའོ། །འདི་དག་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པའོ། །འདི་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་

D8.024.0170a03.01
4

དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པའི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་{མྱི་,མི་}བྱའོ། །འདི་དག་ནི་མངོན་པར་ཤེས་པ་རྣམས་སོ། །འདི་ནི་མངོན་པར་ཤེས་པ་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་{མྱི་,མི་}བྱའོ། །འདི་དག་ནི་ཏིང་ངེ་འཛིན་

D8.024.0170a04.01
5

རྣམས་སོ། །འདི་ནི་ཏིང་ངེ་འཛིན་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་{མྱི་,མི་}བྱའོ། །འདི་དག་ནི་གཟུངས་ཀྱི་སྒོ་རྣམས་སོ། །འདི་ནི་གཟུངས་ཀྱི་སྒོ་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་{མྱི་,མི་}བྱའོ། །འདི་དག་ནི་དེ་བཞིན་གཤེགས་པའི་སྟོབས་

D8.024.0170a05.01
6

བཅུའོ། །འདི་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་{མྱི་,མི་}བྱའོ། །འདི་དག་ནི་མི་འཇིགས་པ་བཞིའོ། །འདི་ནི་{མྱི་,མི་}འཇིགས་པ་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་{མྱི་,མི་}བྱའོ། །འདི་དག་ནི་སོ་སོ་ཡང་དག་པར་རིག་

D8.024.0170a06.01
7

པ་བཞིའོ། །འདི་ནི་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་{མྱི་,མི་}བྱའོ། །འདི་ནི་བྱམས་པ་ཆེན་པོའོ། །འདི་ནི་བྱམས་པ་ཆེན་པོའི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་{མྱི་,མི་}བྱའོ། །འདི་ནི་སྙིང་རྗེ་ཆེན་པོའོ། །འདི་ནི་སྙིང་རྗེ་

D8.024.0170a07.01