完整藏文原文 · 德格版页 当前仅加载第 24 函德格 176b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པར་འགྱུར་བས། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཆོས་ཐམས་ཅད་ཀྱི་མཆོག་གི་ཚུལ་བྱེད་དེ། ཆོས་དེ་དག་ཀུན་ལ་ཡང་འཁོར་བ་
D8.024.0176b01.01མ་{དམྱིགས་,དམིགས་}པས། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་དེ་བཞིན་ཉིད་ཀྱང་ཆུད་ཡང་དག་པའི་མཐའ་ཡང་ཆུད། ཆོས་ཀྱི་དབྱིངས་ཀྱང་ཆུད་དེ། དེའི་ཕྱིར་ཤེས་རབ་
D8.024.0176b02.01ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་གིས་ཀྱང་ལྡན་པ་འམ། {མྱི་,མི་}ལྡན་པ་འམ། བསྟན་དུ་ཡོད་པ་འམ། བསྟན་དུ་{མྱེད་,མེད་}པ་འམ། ཐོགས་པ་དང་བཅས་པ་འམ། ཐོགས་པ་
D8.024.0176b03.01{མྱེད་,མེད་}པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཟུགས་{མྱེད་,མེད་}པ། བསྟན་དུ་{མྱེད་,མེད་}པ་མཚན་ཉིད་{མྱེད་,མེད་}པར་མཚན་ཉིད་གཅིག་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་
D8.024.0176b04.01ཐམས་ཅད་ཀྱི་སྤོབས་པ་ཐམས་ཅད་དང་། སྣང་བ་ཐམས་ཅད་སྐྱེད་པ་སྟེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་སམ། གང་ཟག་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ནས། མུ་སྟེགས་
D8.024.0176b05.01ཅན་གཞན་དང་སྡིག་པའི་གྲོགས་པོ་རྣམས་ཀྱིས་མི་ཆོད་{མྱི་,མི་}འཕྲོགས་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གཅད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རང་གི་མཚན་ཉིད་སྟོང་པ་
D8.024.0176b06.01ཉིད་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དེ་དག་ཐམས་ཅད་དམིགས་སུ་{མྱེད་,མེད་}པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་དོན་ལ་སྤྱད་པར་བྱའོ། །
D8.024.0176b07.01