藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 163a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སྲེད་པས་རློམ་སེམས་སུ་བྱེད་ཅིང་། སྲེད་པར་{དམྱིགས་,དམིགས་}སོ། །ལེན་པས་རློམ་སེམས་སུ་བྱེད་ཅིང་། ལེན་པར་{དམྱིགས་,དམིགས་}སོ། །སྲིད་པས་རློམ་སེམས་སུ་བྱེད་ཅིང་། སྲིད་པར་{དམྱིགས་,དམིགས་}སོ། །སྐྱེ་བས་རློམ་སེམས་སུ་བྱེད་

D8.024.0163a01.01
2

ཅིང་། སྐྱེ་བར་{དམྱིགས་,དམིགས་}སོ། །རྒ་ཤིས་རློམ་སེམས་སུ་བྱེད་ཅིང་། རྒ་ཤིར་{དམྱིགས་,དམིགས་}སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་རློམ་སེམས་སུ་བྱེད་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་{དམྱིགས་,དམིགས་}སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་རློམ་སེམས་

D8.024.0163a02.01
3

སུ་བྱེད་ཅིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་{དམྱིགས་,དམིགས་}སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པས་རློམ་སེམས་སུ་བྱེད་ཅིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པར་{དམྱིགས་,དམིགས་}སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་རློམ་སེམས་སུ་བྱེད་ཅིང་། བརྩོན་འགྲུས་

D8.024.0163a03.01
4

ཀྱི་ཕ་རོལ་ཏུ་ཕྱིན་པར་{དམྱིགས་,དམིགས་}སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་རློམ་སེམས་སུ་བྱེད་ཅིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་{དམྱིགས་,དམིགས་}སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རློམ་སེམས་སུ་བྱེད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་

D8.024.0163a04.01
5

ཕྱིན་པར་{དམྱིགས་,དམིགས་}སོ། །ནང་སྟོང་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། ནང་སྟོང་པ་ཉིད་དུ་{དམྱིགས་,དམིགས་}སོ། །ཕྱི་སྟོང་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། ཕྱི་སྟོང་པ་ཉིད་དུ་{དམྱིགས་,དམིགས་}སོ། །ཕྱི་ནང་སྟོང་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་།

D8.024.0163a05.01
6

ཕྱི་ནང་སྟོང་པ་ཉིད་དུ་{དམྱིགས་,དམིགས་}སོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། སྟོང་པ་ཉིད་སྟོང་པ་ཉིད་དུ་{དམྱིགས་,དམིགས་}སོ། །ཆེན་པོ་སྟོང་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། ཆེན་པོ་སྟོང་པ་ཉིད་དུ་{དམྱིགས་,དམིགས་}སོ། །དོན་དམ་པ་སྟོང་པ་ཉིད་

D8.024.0163a06.01
7

ཀྱིས་རློམ་སེམས་སུ་བྱེད་ཅིང་། དོན་དམ་པ་སྟོང་པ་ཉིད་དུ་{དམྱིགས་,དམིགས་}སོ། །འདུས་བྱས་སྟོང་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། འདུས་བྱས་སྟོང་པ་ཉིད་དུ་{དམྱིགས་,དམིགས་}སོ། །འདུས་མ་བྱས་སྟོང་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། འདུས་མ་

D8.024.0163a07.01