完整藏文原文 · 德格版页 当前仅加载第 24 函德格 18b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དཔའ་ཆེན་པོ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པ་དེ་དག་ནི་ངོ་མཚར་ཆེའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་འཁོར་དང་ཟླ་བའི་དཀྱིལ་འཁོར་ནི་གླིང་བཞིར། ལས་བྱེད་ཅིང་གླིང་བཞིའི་རྗེས་སུ་འགྲོའོ། །གླིང་བཞིའི་རྗེས་སུ་འབྲང་ངོ་། །
D8.024.0018b01.01རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཕ་རོལ་ཏུ་ཕྱིན་པ་ལྔར་ལས་བྱེད་ཅིང་། ཕ་རོལ་ཏུ་ཕྱིན་པ་ལྔའི་རྗེས་སུ་འགྲོའོ། །ཕ་རོལ་ཏུ་ཕྱིན་པ་ལྔའི་རྗེས་སུ་འབྲང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་ན། ཕ་རོལ་ཏུ་ཕྱིན་པ་ལྔ་ཕ་
D8.024.0018b02.01རོལ་ཏུ་ཕྱིན་པའི་{མྱིང་,མིང་}འཐོབ་བོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན། ཕ་རོལ་ཏུ་ཕྱིན་པ་ལྔ་ཕ་རོལ་ཏུ་ཕྱིན་པའི་{མྱིང་,མིང་}{མྱི་,མི་}འཐོབ་བོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་བྲལ་ན། རིན་པོ་ཆེ་སྣ་བདུན་གྱིས་འཁོར་
D8.024.0018b03.01ལོས་སྒྱུར་བའི་མིང་མི་འཐོབ་བོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན། ཕ་རོལ་ཏུ་ཕྱིན་པའི་{མྱིང་,མིང་}{མྱི་,མི་}འཐོབ་བོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཁྱིམ་ཐབ་{མྱེད་,མེད་}པའི་བུད་{མྱེད་,མེད་}རྣམས་ནི།
D8.024.0018b04.01འཕྱོན་མ་རྣམས་ཀྱིས་ཚུགས་པར་སླ་བ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན། བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཚུགས་པར་སླ་བ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན།
D8.024.0018b05.01ཁྱིམ་ཐབ་དཔའ་བོས་ཤིན་ཏུ་བསྲུངས་པའི་བུད་{མྱེད་,མེད་}ཤིན་ཏུ་ཕུན་སུམ་ཚོགས་པའི་ཁྱིམ་ན་འདུག་པ་ནི། འཕྱོན་མ་རྣམས་ཀྱིས་{མྱི་,མི་}ཚུགས་པ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་ན།
D8.024.0018b06.01བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་{མྱི་,མི་}ཚུགས་པ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཡུལ་དུ་འགྲོ་བའི་སྐྱེས་བུ་གོ་ཆ་ཚང་བར་གྱོན་པ་མཚོན་ཆ་ཐམས་ཅད་ཐོགས་པ་ནི་གཡུལ་ངོ་ན་འདུག་པའི་ཚེ། རྒྱལ་པོ་ཟླ་འམ། ཕྱིར་རྒོལ་བ་དང་།
D8.024.0018b07.01